འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་རིའི་ཡུལ་སྐོར་གནམ་གཤིས་ཞབས་ཞུའི་མ་ལག་སྤྱོད་འགོ་ཚུགས་པ།

    ཆུ་ཚོད་72རིང་གི་གནམ་གཤིས་སྔོན་བརྡ་སོགས་ཤེས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཇོ་རིའི་ཡུལ་སྐོར་གནམ་གཤིས་ཞབས་ཞུའི་མ་ལག་ཉིན་ཤས་གོང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དེས་ཇོ་རིར་སྐྱོད་མཁན་ཡུལ་སྐོར་བ་དང་འགྲོ་འོང་ཁ་ལོ་བར་ཧ་ཅང་སྟབས་བདེ་ཡོང་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། གནམ་གཤིས་ཞབས་ཞུའི་མ་ལག་དེས་ཇོ་རིའི་སྒར་ས་ཆེན་པོའི་ཆུ་ཚོད་72རིང་གི་གནམ་གཤིས་སྔོན་བརྡ་དང་ད་ལྟའི་གནམ་གཤིས་འགྱུར་ལྡོག་གནས་ཚུལ་མཁོ་འདོན་བྱེད་ཀྱི་ཡོད་པས་ཡུལ་སྐོར་བ་དང་དེ་བཞིན་ཁ་ལོ་བས་གནམ་གཤིས་སྔོན་བརྡའི་གནས་ཚུལ་གསར་ཤོས་དང་མཛེས་ལྗོངས་ཁུལ་གྱི་ད་ལྟའི་གནས་ཚུལ་ཤེས་ཐུབ། དེས་མ་ཚད་དིང་རི་རྫོང་གྲོང་ནས་ཇོ་རིའི་སྒར་ས་ཆེན་པོ་དང་། སྐྱིད་གྲོང་། འགྲམ་བཅས་རྒྱུད་ཀྱི་གནམ་གཤིས་སྔོན་བརྡ་དང་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ཉེན་བརྡ་ཡང་ཤེས་ཐུབ།
         ཇོ་རིའི་སྒར་ས་ཆེན་པོ་ས་བབ་སྨི་5200ཡི་སར་གནས་པ་དང་དགུན་དུས་ཆར་པ་འབབ་ཉུང་ལ་སྤྲིན་སྨུག་འཁྲིགས་ཉུང་བས། ཇོ་རིའི་མཛེས་ལྗོངས་ཡོངས་མཐོང་ཐུབ་ལ། ཡུལ་སྐོར་བས་ད་དུང་བརྗིད་ཆགས་ཡིད་འོང་གི“ཇོ་རིའི་རྩེ་མོ”ཡང་མཐོང་ཐུབ། མིག་སྔར་ཇོ་རིའི་མཛེས་ལྗོངས་ཁུལ་དུ་སྐྱོད་མཁན་ཡུལ་སྐོར་བ་ཚང་མས་སྒོ་འཛིན་གྱི་རིན་གོང་ཕྱེད་ཀ་སྒོར་90ལས་སྤྲོད་དགོས་ཀྱི་མེད།
      

    ཕྱོགས་བསྡུས་གསར་འགྱུར།