འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་གྱིས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུའི་ཁྱབ་བསྒྲཊ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         སྤྱི་ཟླ་12ཚེས་30ཉིན་ཧྥི་ལི་ཕིན་སྲིད་གཞུང་གིས་ཧྥི་ལི་ཕིན་གྱིས་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོག་ནས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་(བསྡུས་མིང་ལ་ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་ཞེས་བརྗོད་རྒྱུ་)ནང་ཞུགས་རྒྱུ་དང་འབྲེལ་དུས་བགོས་ཀྱིས་ཨ་སྒོར་དུང་ཕྱུར་1.96གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         ཧྥི་ལི་ཕིན་གྱི་ཙུང་ཐུང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཨེ་སྨི་ཉི་ཨའོ·ཁོའོ་ལུའོ་མས་ངོ་སྤྲོད་བྱས་པར་གཞིགས་ན། ཙུང་ཐུང་ཨ་ཅི་ནུའོ་ཡིས་ནོར་སྲིད་པུའུ་ཀྲང་སེ་སར·ཕུའུ་ལི་ཤིས་མའི་གྲོས་འགོ་དང་ལེན་བྱས་ནས་ཧྥི་ལི་ཕིན་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ནང་ཞུགས་རྒྱུའི་མོས་མཐུན་བྱས་པ་རེད། འབྲེལ་ཡོད་གྲོས་ཆོད་ལ་2015ལོའི་ཟླ་12ཚེས་31ཉིན་མིང་རྟགས་བཀོད་པ་རེད།
         ཕུའུ་ལི་ཤིས་མས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་ད་ཡོད་ཀྱི་ཕྱོགས་མང་མཉམ་ལས་ཐད་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གིས་ཤུགས་སྣོན་དང་ཁ་གསབ་ཀྱི་ནུས་པ་འདོན་སྤེལ་ཐུབ་རྒྱུ་དང་དུས་མཚུངས་ཧྥི་ལི་ཕིན་མི་དམངས་ལ་ལས་ཞུགས་དང་ཚོང་ལས་ཀྱི་གོ་སྐབས་ཐོབ་མང་དུ་འགྲོ་རྒྱུ་ཡིན་པ་ཧྥི་ལི་ཕིན་སྲིད་གཞུང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།