འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དཔལ་འབྱོར་སྣ་མང་ཅན་གྱི་འཐབ་ཇུས་ལ་བརྟེན་ནས་
    སྣུམ་རིན་དམའ་བའི་རྡབ་གསིག་ལ་ཁ་གཏད་གཅོག་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔལ་འབྱོར་པུའུ་ཀྲང་མན་སུའུ་ལིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སྲིད་གཞུང་གི་དཔལ་འབྱོར་སྣ་མང་ཅན་གྱི་འཐབ་ཇུས་ཀྱིས་རང་རྒྱལ་ཁབ་ཀྱི་སྣུམ་རིན་ཆག་པ་ལས་བྱུང་བའི་རྡབ་གསིག་ལ་རང་དགར་ཁ་གཏད་གཅོག་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།
         མན་སུའུ་ལིས་གོང་ཚེས་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཆེན་པོ་ཡོད་པ་དང་སྲིད་གཞུང་གིས་བཟོས་པའི་སྲིད་ཇུས་ཀྱིས་དཔལ་འབྱོར་གྱིས་རྡོ་སྣུམ་ལ་བརྟེན་རྒྱུ་ལོ་རེ་བཞིན་ཉུང་དུ་གཏོང་རྒྱུ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དཔལ་འབྱོར་སྣ་མང་ཅན་གྱི་འཐབ་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ་དང་དུས་མཚུངས་ཁྱབ་ཁོངས་གཞན་དང་ལྷག་པར་དུ་བཟོ་ལས་དང་ཞབས་ཞུའི་ལས་རིགས་ལ་ཤུགས་སྣོན་བརྒྱབ་ནས་འབྱུང་འགྱུར་སྣུམ་རིན་ཆག་པ་ལས་ཐོན་སྲིད་པའི་གྱོང་གུན་ཐོད་གཏུག་པ་དང་གསབ་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།