འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྕོག་པ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་ཐོག་མ་ནས་གློག་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧྭ་ནེང་རྫ་ཆུ་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པ་ལྟར་ན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་གནས་པའི་ཧྭ་ནེང་ལྕོག་པ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་ཐོག་མ་ནས་ཉིན་ཤས་གོང་དངོས་སུ་གློག་གཏོང་འགོ་ཚུགས་པ་རེད།
         ཧྭ་ནེང་རོང་མེ་ཆུ་ཤུགས་གློག་ཁང་གི་གློག་ཁུངས་གློག་ཁང་ཡིན་པའི་ལྕོག་པ་ཆུ་ཤུགས་གློག་ཁང་གིས་ཁྲོན་བོད་དྲ་སྦྲེལ་འདུ་འགོད་ལ་གློག་ཁུངས་ཀྱི་འདེགས་སྐྱོར་སླར་ཡང་བྱ་རྒྱུ་མ་ཟད་ཡུལ་དེ་གའི་མི་ཁྲི་5ཡི་གློག་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་རྒྱུའང་རེད།
         བོད་ལྗོངས་ཧྭ་ནེང་རྫ་ཆུ་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་ཚད་ཡོད་ཀུང་སིའི་རོང་མེ་གྲབས་འཛུགས་ཁྲུའུ་ཡི་ཀྲུའུ་རེན་ལིན་ཅིན་ཤུས་ཀྱིས་ལྕོག་པ་ཆུ་ཤུགས་གློག་ཁང་དེ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྫ་ཆུའི་གཡས་ངོགས་ཀྱི་རིམ་པ་དང་པོའི་ཆུ་ཕྲན་སྟེང་ཆུའི་དབུས་སྨད་རྒྱུད་དུ་གནས་ནས་རྒྱུན་དུ་ནས་ཆུ་འདྲེན་ཤུགས་ཆེ་བའི་ཆུ་ཤུགས་གློག་ཁང་ཞིག་རེད། ལས་གྲྭ་དེ་2013ལོའི་ཟླ་བདུན་པར་ལས་འགོ་ཚུགས་པ་དང་སྤྱིའི་མ་འཇོག་སྒོར་དུང་ཕྱུར་9.25ཟིན་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་3ཟིན་པ་མ་ཟད། འཕྲུལ་ཙུའུ་3ཡོད་པ་དེས་ལོར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་1.47ཟིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། ལྕོག་པ་ཆུ་ཤུགས་གློག་ཁང་གི་ལས་གྲྭས་སྣོད་བཅུད་དེ་གནས་བབ་ཨང་དང་པོར་ཐོག་མཐའ་བར་གསུམ་དུ་བཞག་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཁོར་ཡུག་སྲུང་སྐྱོང་དང་ཆུ་སྲུང་སྐྱོང་ལ་དོ་དམ་བྱེད་རིང་བོད་ཀྱི་རྣམ་གྲངས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་ལ་དམིགས་ཏེ་ལས་གྲྭ་གྲབས་འཛུགས་ཁྲུའུ་ཡིས་གསར་སྤེལ་དང་སྲུང་སྐྱོང་གལ་ཆེ་མཉམ་འཛིན་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ལས་ཁུལ་གྱི་ཁོར་ཡུག་དང་ཆུ་སྲུང་སྐྱོང་དོ་དམ་དང་ཁོར་ཡུག་དང་ཆུའི་ལྟ་སྐུལ་ཚད་ལེན་དང་ཨར་ལས་བྱེད་རིང་གི་སྣོད་བཅུད་བརྟག་དཔྱད་སོགས་ཀྱི་ལས་དོན་ནན་ཏན་ངང་བསྒྲུབས་ནས་ལས་གྲྭས་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་དམའ་ཤོས་སུ་གཏོང་གང་ཐུབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།