འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་རི་པིན་ལ་ལོ་རྒྱུས་ཐད་རང་སྐྱོན་རང་བརྟག་གཏིང་ཟབ་བྱེད་དགོས་པའི་
    ལྕག་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས“མགོ་བདེ་དྲན་འཕྲུལ”བྱེད་པར་བརྟེན་ནས་ལོ་རྒྱུས་ཀྱི་ནག་ཉེས་ཡང་དུ་གཏོང་བ་དང་ཐ་ན་ལོ་རྒྱུས་ཁས་མི་ལེན་པའི་གཏམ་སྤྱོད་ཐོག་ནས་རི་པིན་ཕྱོགས་ཀྱིས“འདོད་སྐོང་མ”སོགས་ཀྱི་འབྲེལ་ཡོད་ལོ་རྒྱུས་གནད་དོན་ཐད་ལ་འཛིན་པའི་རྣམ་འགྱུར་དངོས་ལ་མི་རྣམས་ཀྱིས་དོགས་པ་བྱ་ཤུགས་ཆེ་རུ་འགྲོ་རྒྱུ་རེད། རི་པིན་ཕྱོགས་ཀྱིས་བདེན་པ་བདེན་ཐུབ་དང་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ལོ་རྒྱུས་ལ་ཡང་དག་པའི་ངོས་འཛིན་ཏན་ཏིག་དང་རང་སྐྱོན་རང་བརྟག་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         དེ་གོང་གནས་ཚུལ་སྤེལ་བ་ལྟར་ན། རི་པིན་དང་ཧན་གོ་གཉིས“འདོད་སྐོང་མའི”གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་རྗེས་ཧན་གོ་ཕྱོགས་ཀྱིས་ཧན་གོར་བཅའ་སྡོད་རི་པིན་གྱི་གཞུང་ཚབ་ཁང་མདུན་གྱི“འདོད་སྐོང་མའི”གཟུགས་བརྙན་སྤོ་རྩིས་ཡོད་པ་དང་ཧན་གོ་ཕྱོགས་ཀྱིས་ཀྱང་ཀྲུང་གོ་དང་མཉམ་འབྲེལ་ཐོག“འདོད་སྐོང་མའི”ཡིག་ཚགས་དེ་འཛམ་གླིང་གི་དྲན་ཤེས་མིང་ཐོའི་ནང་འཇུག་རྒྱུའི་སྙན་ཞུ་འབུལ་མི་སྲིད་ཅེས་རི་པིན་གྱིས་གསལ་བསྒྲགས་ཐེངས་མང་སྤེལ་ཡོད། ཧན་གོ་ཕྱོགས་ཀྱིས་དམངས་ཁྲོད་ཀྱི་རང་སྤེལ་བྱ་སྤྱོད་ལ་སྲིད་གཞུང་གིས་ཐེ་ཇུས་བྱེད་ཐབས་བྲལ་བ་དང་རི་པིན་ཕྱོགས་ཀྱིས་གོ་ནོར་ཐེབས་ཉེན་ཆེ་བའི་གཏམ་སྤྱོད་སླར་ཡང་སྤེལ་མི་རུང་ཞེས་ལན་བཏབ་ཡོད་པ་རེད།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས“འདོད་སྐོང་མ”སོགས་ཀྱི་ལོ་རྒྱུས་གནད་དོན་ཐད་ཀྱི་ལངས་ཕྱོགས་ནི་ཁ་གསལ་བ་དང་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡོད། “འདོད་སྐོང་མ”བཙན་བསྡུ་བྱེད་པ་ནི་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་དམག་ཆེན་གཉིས་པའི་རིང་བསགས་པའི་མི་ཆོས་དང་འགལ་བའི་ནག་ཉེས་ཚབས་ཆེན་ཞིག་ཡིན་པས་འབྲེལ་ཡོད་ཡིག་ཚགས་དེ་མིའི་རིགས་ཐུན་མོང་གི་དྲན་ཤེས་སུ་འགྱུར་དགོས་ངེས་ཡིན་པ་དང་མིའི་རིགས་ཚང་མས་གཅེས་འཛིན་དང་སྲུང་སྐྱོབ་བྱས་ཏེ་ཁོང་ཚོས་ལོ་རྒྱུས་སེམས་ལ་བརྟན་པོ་ངེས་པ་དང་། ཞི་བདེར་གཅེས་སྤྲས་བྱེད་པ། མ་འོངས་མཉམ་གཏོད་བྱེད་པ། མིའི་རིགས་ཀྱི་ལ་རྒྱར་སྲུང་སྐྱོང་བྱེད་པ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས“མགོ་བདེ་དྲན་འཕྲུལ”བྱེད་པར་བརྟེན་ནས་ལོ་རྒྱུས་ཀྱི་ནག་ཉེས་ཡང་དུ་གཏོང་བ་དང་ཐ་ན་ལོ་རྒྱུས་ཁས་མི་ལེན་པའི་གཏམ་སྤྱོད་ཚང་མ་ལས་རི་པིན་ཕྱོགས་ཀྱིས“འདོད་སྐོང་མ”སོགས་ཀྱི་འབྲེལ་ཡོད་ལོ་རྒྱུས་གནད་དོན་ཐད་ལ་འཛིན་པའི་རྣམ་འགྱུར་དངོས་ལ་མི་རྣམས་ཀྱིས་དོགས་པ་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་རེད། རི་པིན་ཕྱོགས་ཀྱིས་བདེན་པ་བདེན་ཐུབ་དང་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ལོ་རྒྱུས་ལ་ཡང་དག་པའི་ངོས་འཛིན་ཏན་ཏིག་དང་རང་སྐྱོན་རང་བརྟག་གིས་འབྲེལ་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།