འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་ཕྱི་འབྲེལ་པུས་རྒྱ་གར་དང་མཉམ་ལས་བྱས་ཏེ་རྒྱ་གར་གྱི་མཁའ་དམག་རྟེན་གཞིར་
    འཇབ་རྒོལ་ཕོག་པར་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་4ཉིན་གསལ་བསྒྲགས་སྤེལ་ནས་རྒྱལ་ཁབ་དེས་རྒྱ་གར་གྱིས་མཁོ་འདོན་བྱས་པའི་ཁུངས་སྣེར་གཞིགས་ཏེ་རྒྱ་གར་གྱི་པོ་ཐན་གོ་ཏེ་མཁའ་དམག་རྟེན་གཞིར་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         གསལ་བསྒྲགས་ནང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་རྩ་མེད་བཟོ་བའི་འབྲེལ་ཡོད་ཁས་ལེན་ལ་གཞིགས་ཏེ་མིག་སྔར་ཕ་ཁི་སི་ཐན་སྲིད་གཞུང་གིས་རྒྱ་གར་སྲིད་གཞུང་དང་འབྲེལ་གཏུག་བྱེད་པ་དང་འབྲེལ་རྒྱ་གར་སྲིད་གཞུང་གིས་མཁོ་འདོན་བྱས་པའི་ཁུངས་སྣེར་གཞིགས་ཏེ་རྒྱ་གར་གྱི་པོ་ཐན་གོ་ཏེ་མཁའ་དམག་རྟེན་གཞིར་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་དང་གསལ་བསྒྲགས་ནང་རྒྱ་གར་གྱི་མཁའ་དམག་རྟེན་གཞིར་དམིགས་པའི་འཇབ་རྒོལ་ལ་ཕ་ཁི་སི་ཐན་གྱིས་ཁ་རྡུང་གཏོང་རྒྱུ་དང་ད་རེས་ཀྱི་འཇབ་རྒོལ་ནང་རྐྱེན་ལམ་དུ་ཤོར་བའི་མིའི་ཁྱིམ་ཚང་གི་སྡུག་བསྔལ་ཐད་ཕ་ཁི་སི་ཐན་ཕྱོགས་ཀྱིས་བསམ་ཤེས་ཐུབ་ཀྱི་ཡོད། གང་ལགས་ཤེ་ན། ཕ་ཁི་སི་ཐན་དེ་ཡང་འཇིགས་སྐུལ་རིང་ལུགས་ཀྱི་གནོད་འཚེ་ཕོག་མཁན་གཙོ་བོ་ཞིག་ཀྱང་ཡིན་པས་རེད་ཅེས་འཁོད་ཡོད། གསལ་བསྒྲགས་ནང་ད་དུང་ཕ་ཁི་སི་ཐན་དང་རྒྱ་གར་རྒྱལ་ཁབ་གཉིས་པོས་མུ་མཐུད་སྐད་ཆ་ཤོད་རེས་དང་འབྲེལ་ཕན་ཚུན་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་འཇིགས་སྐུལ་རིང་ལུགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་ཞེས་རེ་འབོད་བྱས་ཡོད་པ་རེད།
         ཚེས་2ཉིན་གྱི་ཐོ་རེངས་དྲག་ཆས་པ་ཁག་གཅིག་གིས་རྒྱ་གར་བྱང་རྒྱུད་ཀྱི་ཕང་ཀྲེ་ཕུའུ་མངའ་སྡེའི་པོ་ཐན་གོ་ཏེ་མཁའ་དམག་རྟེན་གཞིར་འཇབ་རྒོལ་བྱས་པ་དང་འབྲེལ་རྒྱ་གར་གྱི་བདེ་འཇགས་དཔུང་སྡེ་དང་གདོང་ཐུག་བྱུང་ནས་འཇབ་རྒོལ་ནང་རྒྱ་གར་གྱི་དམག་མི་7རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་དྲག་ཆས་པ་5བསད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།