འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་འབྲོག་པའི་ཕྲུ་གུའི་སློབ་ཞུགས་ཆ་རྐྱེན་ལེགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “2012ལོར་སྤྲེ་ནག་ཞག་སྡོད་ལམ་ལུགས་སློབ་ཆུང་དུ་སློབ་མ་296ཡོད། ད་ཆ་སློབ་གྲྭ་དེར་སློབ་མ་600དང་དགེ་རྒན་24ཡོད”ཅེས་སློབ་གྲྭ་དེའི་དགེ་རྒན་དཔལ་ལྡན་གྱིས་དེ་ལྟར་བརྗོད་མྱོང་ཡོད།
         དཔལ་ལྡན་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོད་རྫོང་མཚོ་སྔོན་པོའི་མི་རིགས་ཞག་སྡོད་ལམ་ལུགས་སློབ་གྲྭའི་སློབ་སྤྱི་ཡིན། ཁོང་གིས་སེམས་འགུལ་དང་བཅས“ངས་དགེ་རྒན་བྱས་ནས་ལོ་ཉི་ཤུ་ལྷག་ཙམ་འགྲོ་བའི་ནང་རྩྭ་ཐང་ཐོག་གི་སློབ་ཁང་དཀྱུས་མ་དག་ཐོག་སོ་ཅན་གྱི་སློབ་ཁང་དུ་གྱུར་བ་དང་སློབ་ཁྲིད་སྒྲིག་ཆས་མེད་པ་ནས་ད་ཆ་དཔེ་མཛོད་ཁང་དང་། ལྟ་ཀློག་ཁང་། ལན་ཆིའུ་སྤོ་ལོ་རྒྱག་ས། གློག་ཀླད་ཁང་སོགས་ཚང་མ་ཡོད། དེ་སྔ་དགེ་རྒན་རེ་གཉིས་ནས་ད་ཆ་ལོ་ལྟར་སློབ་ཆེན་སློབ་མས་དགེ་རྒན་བྱེད་པ་དང་སློབ་ཁྲིད་ཀྱི་ཆ་རྐྱེན་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་བརྗོད་བྱུང་།
         མཚོ་སྔོན་པོ་མི་རིགས་ཞག་སྡོད་ལམ་ལུགས་སློབ་གྲྭ་དེར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་11.1ཡོད་པ་དང་ཉེ་འཁོར་ཁུལ་གྱི་སློབ་མ་1147དེ་གར་སློབ་སྦྱོང་བྱེད་ཀྱི་ཡོད། མིག་སྔར་སློབ་གྲྭ་དེར་སློབ་ཁྲིད་ཐོག་བརྩེགས་ཁང་གསར་རྐྱང་དང་གཙང་སྦྲ་ལྡན་པའི་ཟ་ཁང་དང་ཉལ་ཁང་ཡོད་པ་ཕུད། ད་དུང་རྒྱང་ཁྲིད་སློབ་གསོའི་ས་ངོས་བསྡུ་ལེན་ས་ཚིགས་གཅིག་དང་ཟུམ་ལམ་བརྙན་འཕྲིན་སྒྲིག་ཆས་དང་དེ་བཞིན་འོད་སྡེར་སྟོན་ས་དང་། གློག་ཀླད་ཁང་། དེབ་ཁྲི་གཉིས་ཡོད་པའི་དཔེ་དེབ་ཁང་སོགས་ཀྱང་ཡོད།
         “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན། མཚོ་ལྷོ་ཀྲོའུ་ཡིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་བའི་ཐོག་མ་དངུལ་སྒོར་དུང་ཕྱུར་13.69བཏང་ནས་སློབ་གྲྭའི་བདེ་འཇགས་ལས་གྲྭ་དང་། དམའ་རིམ་སློབ་འབྲིང་གི་ཉལ་ཁང་སྒྱུར་བཀོད། དགེ་རྒན་གྱི་ལས་ཤག སློབ་ཞུགས་གོང་གི་སློབ་གསོ། ཚད་ལྡན་ཅན་གྱི་སློབ་གྲྭ མཐོ་རིམ་སློབ་འབྲིང་འཛུགས་སྐྲུན། འོས་འགན་སློབ་གསོའི་སློབ་གྲྭ་སྒྱུར་བཀོད། སློབ་གྲྭ་འབྲིང་ཆུང་གི་ཟ་ཁང་སྒྱུར་བཀོད། དམིགས་བསལ་སློབ་གསོའི་སློབ་གྲྭའི་རྣམ་གྲངས། བོད་རིགས་ས་ཁུལ་གྱི་རྣམ་གྲངས་སོགས་སློབ་གསོའི་རྣམ་གྲངས་ཆེན་པོ་བཅུ་ལག་བསྟར་བྱས་པའི་ནང་སློབ་གྲྭའི་ཉལ་ཁང་བདེ་འཇགས་ལས་གྲྭ་45ཡོད་པ་དང་བསྐྲུན་རྒྱུའི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་30.13ཡོད་པ་དང་། དམའ་རིམ་སློབ་འབྲིང་གི་ཉལ་ཁང་སྒྱུར་བཀོད་རྣམ་གྲངས་10ཡོད་པ་དང་བསྐྲུན་རྒྱུའི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4.18ཡོད་པ། དགེ་རྒན་གྱི་ལས་ཤག་རྣམ་གྲངས་38ཡོད་པ་དང་བསྐྲུན་རྒྱུའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5.95ཡོད་པ། སློབ་ཞུགས་གོང་གི་སློབ་གསོའི་རྣམ་གྲངས་237ཡོད་པ་དང་བསྐྲུན་རྒྱུའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་9.32ཡོད་པ། ཚད་ལྡན་ཅན་གྱི་སློབ་གྲྭའི་རྣམ་གྲངས་26ཡོད་པ་དང་བསྐྲུན་རྒྱུའི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10.77ཡོད་པ། མཐོ་རིམ་སློབ་འབྲིང་གི་འཛུགས་སྐྲུན་རྣམ་གྲངས་2ཡོད་པ་དང་བསྐྲུན་རྒྱུའི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.53ཡོད་པ། འོས་འགན་སློབ་གསོའི་སློབ་གྲྭའི་སྒྱུར་བཀོད་རྣམ་གྲངས་2ཡོད་པ་དང་བསྐྲུན་རྒྱུའི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་4150ཡོད་པ། སློབ་གྲྭ་འབྲིང་ཆུང་གི་ཟ་ཁང་སྒྱུར་བཀོད་རྣམ་གྲངས་11ཡོད་པ་དང་བསྐྲུན་རྒྱུའི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་5643ཡོད་པ། དམིགས་བསལ་སློབ་གསོའི་སློབ་གྲྭའི་རྣམ་གྲངས་1ཡོད་པ་དང་བསྐྲུན་རྒྱུའི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་1800ཡོད་པ། བོད་རིགས་ས་ཁུལ་དུ་རྣམ་གྲངས་8ཡོད་པ་དང་བསྐྲུན་རྒྱུའི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4.1ཡོད་པ་བཅས་རེད།
         དེ་དང་ཆབས་ཅིག་ཀྲོའུ་དེ་ཡོངས་ཀྱི་སློབ་གསོའི་ཁྱབ་ཚུལ་གྲུབ་ཆ་བཟང་སྒྲིག་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་ཁག་གི་ཐོན་ཁུངས་བཀོད་སྒྲིག གྲོང་ཁྱེར་དང་གྲོང་གསེབ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་བཅས་བྱུང་བར་བརྟེན་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་བོད་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།