འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སུའེ་ཏན་རྒྱལ་ཁབ་མཐའ་མཚམས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ཞིབ་བཤེར་ཇེ་དམ་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན་སུའེ་ཏེན་གྱིས་གནས་སྐབས་མཐའ་མཚམས་དོ་དམ་ཚོད་འཛིན་བྱ་ཐབས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཏེན་མག་དང་འཇར་མན་ནས་རྒྱལ་མཚམས་འཛུལ་མཁན་གྱི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་ནན་པོ་བྱས་ཏེ་གོ་ཆོད་ཀྱི་ཐོབ་ཐང་ལག་ཁྱེར་མེད་པའི་ཡུལ་གྱར་བ་ས་ཁོངས་ནང་འཛུལ་རྒྱུ་བཀག་འགོག་བྱས་པ་རེད།
         བདེ་བཤེར་མི་སྣས་དེ་ཉིན་ཏེན་མག་ནས་ཨེ་ལེ་ཟམ་ཆེན་བརྒྱུད་སུའེ་ཏེན་དུ་འཛུལ་མཁན་རླངས་འཁོར་ནང་གི་མི་སྣ་དང་འཇར་མན་དང་ཏེན་མག་ནས་གྲུ་གཟིངས་བསྡད་དེ་སུའེ་ཏེན་དུ་ཡོང་མཁན་འགྲུལ་པའི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་ནན་པོ་བྱས་པ་དང་གོ་ཆོད་ཀྱི་ཐོབ་ཐང་ལག་ཁྱེར་མེད་པའི་མི་སྣ་སུའེ་ཏེན་གྱི་མངའ་ཁོངས་ནང་འཛུལ་རྒྱུ་གཏན་འགོག་བྱས་པ་རེད།
         སུའེ་ཏན་གྱི་གནས་སྤོས་ཡུལ་མིའི་བློན་ཆེན་མོ་ཀེན·གཡོད་ཧན་སུང་གིས་མཐའ་མཚམས་དེ་དག་ལ་སྤྱད་པའི་དོ་དམ་ཚོད་འཛིན་བྱ་ཐབས་དེ་དག་ནི་སུའེ་ཏེན་གྱིས་རྒྱུན་གཏན་ངང་ཡུལ་གྱར་བ་ཉར་བའི་རེ་ཞུ་དང་ལེན་བྱེད་ཐབས་བྲལ་བའི“ཛ་དྲག་དུས་བབ”མི་ཐོན་པ་བྱ་ཆེད་དུ་ཡིན་ཞེས་བཤད་ཅིང་། ཁོང་གིས་དེ་དང་ཆབས་ཅིག་ཏེན་མག་གིས་དེ་ཉིན་མཐའ་མཚམས་ཀྱི་གནས་སྐབས་དོ་དམ་ཚོད་འཛིན་བྱ་ཐབས་སྤྱད་པར་དགའ་བསུ་ཞུས་པ་རེད།
         ཚེས་4ཉིན་ཏེན་མག་གི་དབུ་བཞུགས་བློན་ཆེན་ལ་སི་མུའུ་སེན་གྱིས་དེ་ཉིན་ཉིན་དགུང་གི་ཆུ་ཚོད་12པ་ནས་བཟུང་ཏེན་མག་གིས་འཇར་མན་གྱི་མཐའ་མཚམས་སུ་མཐའ་མཚམས་དོ་དམ་ཚོད་འཛིན་གྱི་གནས་སྐབས་བྱ་ཐབས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། ཁོང་གིས་གལ་སྲིད་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཕྱི་ཁོངས་མཐའ་མཚམས་སུ་དོ་དམ་ཚོད་འཛིན་བྱ་ཐབས་ནུས་ལྡན་སྤྱད་མ་ཐུབ་ཚེ་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དེ་བས་མང་བས་རང་ཉིད་ཀྱི་མཐའ་མཚམས་སུ་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱ་རྒྱུ་རེད་ཅེས་བཤད།
         སུའེ་ཏན་གནས་སྤོས་ཡུལ་མི་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2015ལོར་སུའེ་ཏན་དུ་སྐྱབས་བཅོལ་བྱེད་མཁན་མི་གྲངས་ཁྲི་16.3ཙམ་ཟིན་ཞིང་། ན་ནིང་ཟླ་བཅུ་གཅིག་པར་སུའེ་ཏན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་གྱིས་རྒྱལ་ཁབ་དེར་ཡུལ་གྱར་བ་མུ་མཐུད་དང་ལེན་བྱེད་པའི་ལྷུག་གཏོང་སྲིད་ཇུས་ལག་བསྟར་བྱེད་པའི་ནུས་པ་མེད་པས། སུའེ་ཏན་དུ་ཡོང་མཁན་ཡུལ་གྱར་བའི་མི་གྲངས་ཉུང་དུ་གཏོང་རྒྱུའི་བྱ་ཐབས་ནང་མཐའ་མཚམས་ནས་ཚོད་འཛིན་བྱེད་པ་དང་གཏན་སྡོད་ལག་ཁྱེར་དང་ཁྱིམ་ཚང་མཉམ་འཛོམས་ཀྱི་ཐོངས་མཆན་སྤྲོད་རྒྱུ་དམ་དུ་གཏོང་རྒྱུ་ཚུད་པའི་ཁྱབ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།