འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱིས་མདེའུ་ཆིང་ཏན་གྱི་འབར་གད་ཚོད་ལྟ་བདེ་བླག་ངང་བྱས་པ་ཁྱབ་བསྒྲགས་བྱས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁྲའོ་ཞན་གྱིས་མདེའུ་ཆིང་ཏན་གྱི་འབར་གད་ཚོད་ལྟ་བདེ་བླག་ངང་བྱས་པ་ཁྱབ་བསྒྲགས་བྱས།
         མི་དམངས་དྲ་བའི་འཕྲིན། ཁྲའོ་ཞན་སྨྱན་སྦྱོར་ལས་ཁུངས་གིས་བཀོད་པའི་གསར་འགྱུར་ལྟར་ན། ཁྲའོ་ཞན་གྱིས་སྤྱི་ཟླ་1ཚེས་6ཉིན་བདེ་བླག་ངང་མདེའུ་ཆིང་ཏན་གྱི་འབར་གད་ཚོད་ལྟ་བྱས་པ་ཡིན་ཞེས་བསྒྲགས་པ་རེད།
         གནས་འཕྲིན་དུ་བཀོད་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོ་བའི་འགོ་ཁྲིད་ཅིན་ཀྲེང་ཨེན་གྱིས་ཆོག་མཆན་བཀའ་རྒྱ་བཏང་ནས། ཁྲའོ་ཞན་ཕྱོགས་ཀྱིས་ས་གནས་དེ་གའི་ཆུ་ཚོད་སྤྱི་ཟླ་1ཚེས་6ཉིན་གྱི་ཆུ་ཚོད་10(པེ་ཅིང་གི་ཆུ་ཚོད་9དང་སྐར་མ་30)སྟེང་མདེའུ་ཆིང་ཏན་གྱི་འབར་གད་ཚོད་ལྟ་བདེ་བླག་ངང་བྱས་པ་རེད། 
         ཀྲུང་གོའི་ས་ཡོམ་ལས་ཁུངས་དྲ་བའི་ལྟེ་གནས་དྲ་ཚིགས་སུ་བཀོད་པའི་གནས་ཚུལ་ལྟར་ན། ཀེ་ལིན་ཉི་ཀྲིའི་ཆུ་ཚོད་(格林尼治时间)ཚེས་6ཉིན་གྱི་ཆུ་ཚོད་1དང་སྐར་མ་30(པེ་ཅིང་གི་ཆུ་ཚོད་ཚེས་6ཉིན་གྱི་ཆུ་ཚོད་9དང་སྐར་མ་30)སྟེང་། ཁྲའོ་ཞན་དུ་ས་ཡོམ་རིམ་པ་4.9བརྒྱབ་པ་དང་། ཡོམ་གནས་ནི་འཕྲེད་ཐིག་བྱང་མའི་ཏུའུ་41.3དང་གཞུང་ཐིག་ཤར་མའི་ཏུའུ་129.1གི་མཚམས་སུ་བབས་ཡོད་ཅིང་། ཡོམ་གནས་ཀྱི་གཏིང་ཚད་ནི་སྤྱི་ལེ་0.0ཡིན་པ་རེད།
         ཨ་རིའི་ས་གཤིས་རྟོག་ཞིབ་ཅུས་ཀྱི་ས་ཡོམ་བརྡ་འཕྲིན་དྲ་ཚིགས་སུ་བཀོད་པའི་གནས་ཚུལ་ལྟར་ན། ཀེ་ལིན་ཉི་ཀྲིའི་ཆུ་ཚོད་ཚེས་6ཉིན་གྱི་ཆུ་ཚོད་1དང་སྐར་མ་30(པེ་ཅིང་གི་ཆུ་ཚོད་ཚེས་6ཉིན་གྱི་ཆུ་ཚོད་9དང་སྐར་མ་30)སྟེང་། ཁྲའོ་ཞན་དུ་ས་ཡོམ་རིམ་པ་5.1བརྒྱབ་པ་དང་། ཡོམ་གནས་ནི་འཕྲེད་ཐིག་བྱང་མའི་ཏུའུ་41.3085དང་གཞུང་ཐིག་ཤར་མའི་ཏུའུ་129.0337གི་མཚམས་སུ་བབས་ཡོད་ཅིང་། ཡོམ་གནས་ཀྱི་གཏིང་ཚད་ནི་སྤྱི་ལེ་10.0ཡིན་པ་རེད།
    ༄༅།།ཁྲའོ་ཞན་གྱིས་མདེའུ་ཆིང་ཏན་གྱི་འབར་གད་ཚོད་ལྟ་བདེ་བླག་ངང་བྱས་པ་ཁྱབ་བསྒྲགས་བྱས།
      

    ཕྱོགས་བསྡུས་གསར་འགྱུར།