འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ནན་ཞིང་ཆེན་ནེ་ཧོང་རྫོང་གི་ཞིང་པ་ཞིག་གིས"གནམ་གྲུ་ཆེ་གྲས"བཟོ་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་28ཉིན། 17:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧོ་ནན་ཞིང་ཆེན་ནེ་ཧོང་རྫོང་གི་ཞིང་པ་ཞིག་གིས'གནམ་གྲུ་ཆེ་གྲས'བཟོ་བ།
          འདི་ལོར་ལོ་61ལ་སོན་པའི་ཝང་ལན་ཆུན་ནི་ཧོ་ནན་ཞིང་ཆེན་ནེ་ཧོང་རྫོང་མ་ཧྲང་ཤང་ཆི་ལི་ཅིན་གྲོང་ཚོར་འཚོ་གནས་བྱེད་བཞིན་ཡོད་ཅིང་། 2014ལོའི་ལོ་མཇུག་ལ་འཕྲུལ་ཆས་བརྩོན་ཞིབ་ལ་དགའ་པོ་ཡོད་པའི་ཝན་ལན་ཆུན་གྱིས་ལྕགས་རིགས་རྒྱུ་ཆ་ཉོ་སྒྲུབ་འགོ་བརྩམས་ཏེ་རང་ཉིད་ཀྱིས་ཇུས་འགོད་བྱས་ནས་“འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་”བཟོ་སྐྲུན་བྱེད་འགོ་ཚུགས། ལོ་གཅིག་རིང་གི་འབད་བརྩོན་བྱས་མཐར། ཝང་ལན་ཆུན་གྱི་“འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་”དེའི་བཟོ་དབྱིབས་རགས་ཙམ་ཆགས་པ་དང་། ཕྱིའི་རྣམ་པ་ནི་པོ་དབྱིན་གནམ་གྲུ་737རྟགས་ཅན་དང་འདྲ་བ་རེད། གནམ་གྲུ་དེའི་ལུས་ཡོངས་ནི་དངུལ་མདོག་ཡིན་ཞིང་། རིང་ཚད་ལ་ཧ་ལམ་སྨི་35ཡོད་པ་དང་། གཤོག་པའི་ཞེང་ཚད་སྨི་38ཡོད་ལ། གནམ་གྲུའི་འགྲུལ་ཁང་ལ་མཐོ་ཚད་སྨི་2ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། གནམ་གྲུ་དེ་ལ་མཐའ་མཇུག་གི་ལེགས་བཅོས་དང་མཛེས་བཟོ་བྱས་རྗེས། ཟ་ཁང་ཞིག་གཉེར་སྐྱོང་བྱེད་རྒྱུ་རེད།
    ༄༅།།ཧོ་ནན་ཞིང་ཆེན་ནེ་ཧོང་རྫོང་གི་ཞིང་པ་ཞིག་གིས'གནམ་གྲུ་ཆེ་གྲས'བཟོ་བ།
    ༄༅།།ཧོ་ནན་ཞིང་ཆེན་ནེ་ཧོང་རྫོང་གི་ཞིང་པ་ཞིག་གིས'གནམ་གྲུ་ཆེ་གྲས'བཟོ་བ།
    ༄༅།།ཧོ་ནན་ཞིང་ཆེན་ནེ་ཧོང་རྫོང་གི་ཞིང་པ་ཞིག་གིས'གནམ་གྲུ་ཆེ་གྲས'བཟོ་བ།
    ༄༅།།ཧོ་ནན་ཞིང་ཆེན་ནེ་ཧོང་རྫོང་གི་ཞིང་པ་ཞིག་གིས'གནམ་གྲུ་ཆེ་གྲས'བཟོ་བ།
      

    ཕྱོགས་བསྡུས་གསར་འགྱུར།