འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དབུས་གློག་དྲའི་གློག་གཏོང་རྒྱུན་གཏན་ཅན་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་29ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན་གྱི་སྔ་དྲོར་གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་10ཚེས་23ཉིན་བར་མཚོ་སྔོན་གློག་དྲས་བོད་དབུས་གློག་དྲ་ནས་བཏང་བའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་3.19འཐེན་ཞིང་། གློག་གཏོང་ཚད་ཆེ་ཤོས་ཀྲའོ་ཝ་240དང་། ཉིན་རེར་གློག་གཏོང་འབོར་ཆེ་ཤོས་ཆན་ཝ་ཁྲི་363ཟིན་ནས་བོད་དབུས་གློག་དྲའི་གློག་གཏོང་དེ་རྒྱུན་གཏན་དུ་གྱུར་ཡོད་པ་རེད།
         བསྡོམས་རྩིས་ལྟར་ན། གཞུང་ལུགས་ཐོག་ནས་བཤད་ཚེ་བོད་ཀྱི་ཆུ་ནུས་ཐོན་ཁུངས་གསོག་ཚད་ཆན་ཝ་དུང་ཕྱུར་2.1ཟིན་པས“ནུབ་གློག་ཤར་འདྲེན”གྱི་ནུས་རྒྱུ་མཐུད་འབྲེལ་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། ཡར་ཀླུང་གཙང་པོའི་ཆུ་གཞུང་གི་ཆུ་ནུས་ཐོན་ཁུངས་ཆེན་པོ་དེས་བོད་ཀྱི་གློག་ཕྱི་རུ་གཏོང་བའི་ཐད་འགན་ལེན་ནུས་ལྡན་བྱས་ཡོད། འོན་ཀྱང་དུས་ཚིགས་འགྱུར་བའི་དབང་གིས་ཆུ་རྒྱས་པ་དང་བྲི་བཞིན་ཡོད་པས། བོད་ཀྱི་བོད་དབུས་གློག་དྲའི་དབྱར་ཁའི་ཆུ་གློག་གི་གློག་དེ་ཅུང་འབེལ་བོ་ཡོད་པ་དང་མཁོ་ཚད་ལས་འདོན་ཚད་ཆེ་བའི་རྣམ་པར་རྒྱུན་རིང་པོར་གནས་ཡོད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྙོམས་སྒྲིག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཧུང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གློག་ཤུགས་ཕྱིར་གཏོང་གིས་བོད་ཀྱི་གློག་དྲའི་ནུས་རྒྱུ་གཙང་མའི་ཆུ་གློག་འཕེལ་རྒྱས་ཀྱི་འགག་གནད་དེ་བསལ་ནས་ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་མཐོ་རུ་བཏང་བ་དང་། ནུས་རྒྱུ་བཀོད་སྒྲིག་བྱེད་སྟངས་ཡུལ་དེ་རང་ལ་དོ་སྙོམས་ནས་དེ་བས་ཆེ་བའི་ཁྱབ་ཁོངས་ལ་གཏོང་བའི་ལེགས་སྒྱུར་གྱི་རྣམ་པར་བསྒྱུར་ནས་བོད་ཀྱི་གློག་ཕྱི་རུ་གཏོང་བ་ལས་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།