འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་སྐོར་ཁེ་ལས་500ལྷག་ཙམ་གྱི་འབྲེལ་ཡོད་མི་སྣ་མཚོ་སྔོན་དུ་འཛོམས་ནས་
    ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་བཙལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་29ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་11ནས་སླེབས་པའི་ཡུལ་སྐོར་ཁེ་ལས་500ལྷག་ཙམ་གྱི་འབྲེལ་ཡོད་མི་སྣ་ས་མཐོའི་གནའ་གྲོང་ཟི་ལིང་དུ་འཛོམས་ཏེ“2016ལོའི་མཛེས་པའི་མཚོ་སྔོན་ཡུལ་སྐོར་ཁེ་ལས་ཀྱི་ཉོ་ཚོང་འདུ་ཚོགས”སུ་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་བྱས་ནས་ཡུལ་དེ་གའི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་འཚོལ་བར་གཞོལ་བ་རེད།
         ཉིན་3རིང་གི་ཉོ་ཚོང་འདུ་ཚོགས་སུ་ཡུལ་སྐོར་ཁེ་ལས་ཀྱི་མཉམ་ལས་སྤེལ་རེས་གཙོ་བོར་བྱས་ཡོད། དེའི་རིང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་སྡེ་ཚན་དང་ཁེ་ལས་ཁག་གིས་མཚོ་སྔོན་གྱི“ཟ་སྡོད་འགྲོ་སྐོར་ཉོ་རྩེད”དང་དེ་བཞིན་ལམ་ཐིག་གཙོ་བོར་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་མ་ཟད། “ཡུལ་སྐོར་དང་དངུལ་རྩ་ཟུང་འབྲེལ”གྱི་མཐོ་རིམ་གླེང་སྟེགས་དང་། “ཡུལ་སྐོར་དང་དྲ་སྦྲེལ་ཟུང་འབྲེལ”གྱི་བགྲོ་གླེང་ཚོགས་འདུ། ཡུལ་སྐོར་ལས་དོན་ཁང་གི་ཁེ་ལས་བཞུགས་མོལ་ཚོགས་འདུ་སོགས་འཚོགས་པ་རེད།
         དེའི་ནང“ཡུལ་སྐོར་དང་དྲ་སྦྲེལ་ཟུང་འབྲེལ”གྱི་བགྲོ་གླེང་ཚོགས་འདུར་མཚོ་སྔོན་གྱིས་ཞེ་ཁྲེང་ཡུལ་སྐོར་དྲ་བ་དང་ཐེང་ཞོན་དྲ་བའི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་མ་ཟད། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཞེ་ཁྲེང་ཡུལ་སྐོར་དྲ་བའི་ལྟེ་གནས་ཚོང་ཁང་གཉེར་བར་བརྟེན་ནས“ཡུལ་སྐོར་དང་དངུལ་རྩ་ཟུང་འབྲེལ་དང་། ཡུལ་སྐོར་དང་དྲ་སྦྲེལ་ཟུང་འབྲེལ”གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཡུལ་སྐོར་ཐོན་ལས་དང་དངུལ་རྩའི་ལས་རིགས། དྲ་སྦྲེལ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་བཏང་བ་རེད།
         མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲང་ཧུང་ཨན་གྱིས་ད་རེས་ཀྱི་ཉོ་ཚོང་འདུ་ཚོགས་གཉེར་བ་ནི་གཙོ་བོ་ཡུལ་སྐོར་ཁེ་ལས་ལ་སྤེལ་རེས་དང་མཉམ་ལས་ཀྱི་གོ་སྐབས་བསྐྲུན་ནས་མཚོ་སྔོན་གྱི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། མཉམ་དུ་ཡུལ་སྐོར་ཁེ་ལས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ལམ་བུ་བཙལ་ནས་ཡུལ་སྐོར་ཐོན་ལས་ཕྱོགས་འགྱུར་རིམ་སྤོར་དང་ཡུལ་སྐོར་བྱ་ཡུལ་གྱི་ཞིང་ཆེན་གྲགས་ཅན་ཞིག་ཏུ་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུ་དེ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།