འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་འཛད་སྤྱོད་དངུལ་རྩའི་ཞིབ་འཇུག་གི་སྙན་ཞུ་ཐོག་མ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་29ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཆིང་ཧྭ་སློབ་ཆེན་ཀྲུང་གོ་དང་འཛམ་གླིང་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱིས་ཚེས་27ཉིན་རྒྱལ་ནང་གི་འཛད་སྤྱོད་དངུལ་རྩའི་ཞིབ་འཇུག་སྙན་ཞུ་ཐོག་མ་སྟེ་《ཀྲུང་གོའི་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་ཁྲོམ་ར་ཞིབ་འཇུག་》ཅེས་པ་ཁྱབ་བསྒྲགས་བྱས་པ་རེད། 《སྙན་ཞུའི་》ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན་མིག་སྔར་རང་རྒྱལ་གྱི་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་འཕེལ་རྒྱས་ཆུ་ཚད་སྔར་བཞིན་ཧ་ཅང་དམའ་པོ་ཡིན་པ་དང་། འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལུགས་མཐུན་དེ་ཙམ་མེད་པས་སྡོད་ཁང་གཏའ་བུན་གྱིས་གཙོ་བོ་བྱེད་པའི་ཡུན་རིང་གི་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་བསྡུར་ཚད་ཆེ་དྲགས་པ་དང་དུས་ཐུང་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱིས་བཟུང་བའི་བསྡུར་ཚད་ཧ་ཅང་དམའ་བས་འཛད་སྤྱོད་ཡིད་རྟོན་དངུལ་བུན་ཁྲོད་བསྡུར་ཚད་ཧ་ཅང་ཆེན་པོ་ནི་མ་དངུལ་གཏོང་བའི་ཁོངས་སུ་གཏོགས་ཀྱི་ཡོད་ཅེས་བསྟན་ཡོད།
         《སྙན་ཞུ་》ལས་2013ལོར་རང་རྒྱལ་གྱི་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་བསྡོམས་འབོར་དེ་ཨ་རི་ལས་ཧ་ཅང་ཉུང་བ་ཡོད་ནའང་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱིས་GDPནང་བཟུང་བའི་བསྡུར་ཚད་25%ཟིན་པ་དེ་ཨ་རིའི་18.7%ལས་མཐོ་བ་ཡོད། འོན་ཀྱང་གལ་སྲིད་སྡོད་ཁང་གི་ཡིད་རྟོན་དངུལ་བུན་གྱིས་གཙོ་བོར་བྱེད་པའི་ཡུན་རིང་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་རྒྱུ་རྐྱེན་ཕུད་ཚེ་རང་རྒྱལ་གྱི་དུས་ཐུང་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱིས་GDPནང་བཟུང་བའི་བསྡུར་ཚད་དེ་4.9%ཁོ་ན་ཡིན་པ་མངོན་ཡོད། 《སྙན་ཞུའི་》ནང་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་དེ་རིགས་རང་རྒྱལ་གྱི་ཐོན་ལས་གྲུབ་ཆ་དེ་ཡང་བའི་རིགས་སུ་རིམ་སྤོར་ཡོང་རྒྱུར་ཕན་པ་མེད་པས་འབྱུང་འགྱུར་དུས་ཡུན་འབྲིང་ཐུང་གི་འཛད་སྤྱོད་བྱེད་པའི་ཡིད་རྟོན་དངུལ་བུན་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བྱས་ཏེ་འཛད་སྤྱོད་གྲུབ་ཆ་དེ་དཔལ་འབྱོར་གྲུབ་ཆ་གཞན་སྒྱུར་གྱི་དགོས་མཁོ་དང་དེ་བས་འཚམ་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
         《སྙན་ཞུའི་》ནང་འཛད་སྤྱོད་ཡིད་རྟོན་དངུལ་བུན་ཁྲོམ་རར་ཞུགས་མཁན་དང་འཛད་སྤྱོད་ཡིད་རྟོན་དངུལ་བུན་མཁོ་འདོན་བྱེད་མཁན་གཙོ་བོ་ཡིན་པའི་ཆ་ནས་ཚད་དང་མཐུན་པ་དང་འགན་འཁྲི་འཁུར་བའི་འཛད་སྤྱོད་ཡིད་རྟོན་དངུལ་བུན་ཚོང་པར་ཁེ་སྤོགས་རང་བཞིན་དང་། ཚད་ལྡན་རང་བཞིན། ཡོངས་སྐྱོང་རང་བཞིན་བཅས་ཀྱི་ཁྱད་ཆོས་དེ་གསུམ་ཚང་དགོས་པ་ཞིག་རེད་ཅེས་བསྟན་ཡོད། ཆ་འཕྲིན་གྱི་གསལ་ཚད་ནི་འཛད་སྤྱོད་ཡིད་རྟོན་དངུལ་བུན་ཚོང་ཁང་ཞིག་གི་ཁྱད་ཆོས་གཙོ་བོ་ཡིན་པ་དང་《སྙན་ཞུའི་》ནང་ཀུང་སི་མང་ཆེ་བས་གྲོན་ཚད་འགྲེལ་བཤད་ཞིབ་ཕྲ་རྒྱག་ཐུབ་ཀྱང་ཀུང་སི་བཅུ་ཆ་བཞི་ཁོ་ནས་མ་གཏོགས་གྲོན་ཚད་ཡོངས་བསྒྲགས་ངང་འདྲི་རྟོག་བྱེད་པའི་སྟེགས་བུ་མཁོ་འདོན་བྱེད་ཐུབ་ཀྱི་མེད་ཅེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།