འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཆབ་མདོས་མཁོ་གལ་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་29ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ལམ་ལོ་ཤས་རིང་ཞིང་འབྲོག་དང་། ཆུ་བེད། འགྲིམ་འགྲུལ། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཤེས་ལྡན་མི་སྣ་འཚར་ལོངས་ལ་ཕན་པ་དང་ཁོང་ཚོའི་ནུས་པ་འདོན་སྤེལ་ཐུབ་པའི་སྲིད་ཇུས་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ཧུར་ཐག་བྱེད་པ་དང་། རིགས་ཁག་གི་ཤེས་ལྡན་མི་སྣའི་ཁྱད་ཆོས་དང་མཐུན་པའི་མི་འདེམས་པ་དང་མི་སྤྱོད་པའི་ལམ་སྲོལ་དང་ཤེས་ལྡན་མི་སྣ་ནང་འདྲེན་དང་འདུ་འཛོམས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མི་སྤྱོད་སྟེགས་བུ་གཏོད་པ་བཅས་ཀྱིས་རིམ་རྩིས་ལྟར་ན་ནང་སའི་མཐོ་སློབ་ཁག་ནས་སྨན་བཅོས་འཕྲོད་བསྟེན་དང་། འབྲོག་ལས་ཕྱུགས་རིགས་སྨན་པ། གཏེར་རྫས། ཆུ་བེད་སོགས་སུ་མཁོ་གལ་ཆེ་བའི་ཤེས་ལྡན་མི་སྣ་660ནང་འདྲེན་བྱས་ཐོག་ཆབ་མདོ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།
         ས་ཁུལ་གྱི་ཆ་རྐྱེན་ཅུང་ཞན་པའི་དོན་དངོས་ལ་དམིགས་ནས། ཆབ་མདོ་གྲོང་ཁྱེར་དང་ཐག་ཉེ་བའི་ནུབ་རྒྱུད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་11གཙོ་གནད་མཐོ་སློབ་སློབ་མ་བསྡུ་ཁུལ་དུ་བརྩིས་ནས་ཤེས་ལྡན་མི་སྣ་ནང་འདྲེན་ལས་དོན་གྱི་ཇུས་གཞི་དང་འཆར་གཞི་ཞིབ་པར་བཟོས་པ་རེད། ཤེས་ལྡན་མི་སྣ་ནང་འདྲེན་བྱ་ཡུལ་སློབ་གྲྭ་དང་འབྲེལ་གཏུག་དམ་ཟབ་བྱས་ནས་སྨྱན་སྦྱོར་ཚན་པ་དང་སློབ་གྲྭའི་དྲིལ་བསྒྲགས་ལེ་ཚན་སོགས་ཀྱི་ཐབས་ལམ་བརྒྱུད། མཐོ་སློབ་100ལྷག་ཙམ་ལ་《ཤེས་ལྡན་མི་སྣ་ནང་འདྲེན་གྱི་སྤྱི་བསྒྲགས་》འགྲེམས་སྤེལ་བྱས་ཏེ་ཤེས་ལྡན་མི་སྣ་ནང་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། “རང་མོས་མིང་འགོད་དང་དྲག་གྲས་བསྡུ་བའི”རྩ་དོན་གཞིར་བཟུང་། སྔ་རྗེས་སུ་སློབ་གླིང་དང་སློབ་ཆེན་ཁག་ཏུ་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས་2000ལྷག་ཙམ་འཚོགས་ནས་སློབ་ཐོན་སློབ་མ་མི་ཐེངས་1500ལྷག་ཙམ་ལ་ངོ་འཕྲད་ཚོད་ལྟ་བྱས་པ་དང་། ཆ་རྐྱེན་འཛོམས་པའི་སློབ་ཐོན་སློབ་མ་དང་འདོད་འདུན་གྲོས་མཐུན་བཞག་པ་རེད།
         ཞབས་ཞུའི་ཁོར་ཡུག་བཟང་པོ་ཞིག་བཏོད་ཅིང་། རིམ་ཁག་ཏང་ཨུད་སྲིད་གཞུང་དང་ཤེས་ལྡན་མི་སྣའི་དོ་དམ་སྡེ་ཚན། མི་སྤྱོད་ཚན་པ་བཅས་ཀྱིས་ཞབས་ཞུའི་འདུ་ཤེས་འཆང་བ་དང་ཟབ་ཏུ་བཏང་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ཆབ་སྲིད་ཐད་སེམས་ཁུར་མང་ཙམ་བྱེད་པ་དང་། འཚོ་བའི་ཐད་སེམས་ཁུར་མང་ཙམ་བྱེད་པ། བརྩེ་སེམས་མང་ཙམ་འཆང་བ། ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལས་དོན་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་པ་བཅས་ཀྱིས་ནང་འདྲེན་བྱས་པའི་ཤེས་ལྡན་མི་སྣས་སེམས་ཁུར་དང་མཐོང་ཆེན་ཚོར་ཐུབ་པ་དང་སེམས་ལ་དགའ་ཚོར་ཡོང་བ་བྱས་ཐོག ཤེས་ལྡན་མི་སྣ་སེམས་རྣལ་དུ་ཕབ་ནས་ཆབ་མདོར་དངོས་འབྲེལ་དྲིན་ལན་འཇལ་ཐུབ་པ་བྱས་ཡོད།
         མི་སྤྱོད་ལམ་སྲོལ་གསར་གཏོད་བྱས་ཤིང་། ལས་བྱེད་པ་འདེམས་པ་དང་། གོ་གནས་སྤོར་བ། བསྐོ་སྤྱོད་བྱེད་པ་བཅས་བྱས་ནས་ལས་ཀར་ཞུགས་པའི་དུས་ཚོད་དང་ཐོབ་ཐང་ལ་མི་བལྟོས་པ་དང་དམིགས་བསལ་གྱིས་བེད་སྤྱོད་དང་བློས་འགེལ་གྱིས་བེད་སྤྱོད་བྱས་ནས་ཤེས་ལྡན་མི་སྣ་མང་པོ་ལས་ཞུགས་ཐུབ་པ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཤེས་ལྡན་མི་སྣའི་ཡིད་འགུག་པ་དང་ཁོང་ཚོའི་ནུས་པ་འདོན་སྤེལ་ཐུབ་པ་བྱས་ཡོད་པ་རེད། གཞི་རིམ་གྱི་ལས་བྱེད་པའི་རྒྱུགས་བསྡུའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་ཐད་གཏོགས་ཚན་པའི་གཞུང་ལས་པ་བསྡུ་བའི་ཡིག་རྒྱུགས་ཁྲོད་གཞི་རིམ་ནས་ཤེས་ལྡན་མི་སྣ་ནང་འདྲེན་བྱ་རྒྱུར་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།