འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་རིགས་གཅིག་མཁས་ཅན་གྱིས་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པས
    “ཀྲུང་དབྱིན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ”གཏོད་རྒྱུར་
    ཕན་པ་ཡོད་པའི་ངོས་འཛིན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་29ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ནས་23ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་བ་རེད། འཚམས་འདྲི་གནང་རིང་། ཞིས་ཀྲུའུ་ཞིས་ཀྲུང་དབྱིན་ནི་ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱེད་ཡོད་པའི་ཁེ་ཕན་གྱི་གཅིག་མཐུན་འདུས་གྲུབ་ཅིག་ཏུ་སྔར་བས་འགྱུར་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་བསྐྲུན་ནས་མཉམ་ལས་གཉིས་ཁེ་ལྟེ་བར་བྱེད་པའི་གསར་དར་རྒྱལ་སྤྱིའི་འབྲེལ་བ་འཛུགས་རྒྱུ་ཀྲུང་གོས་དར་སྤེལ་གཏོང་གི་ཡོད་ཅེས་གསུངས་པ་རེད།
         ཞིས་ཀྲུའུ་ཞིས་ད་ཐེངས་འཚམས་འདྲི་གནང་བར་ཕྱིར་མིག་ལྟ་སྐབས། དབྱིན་ཇིའི་རྒྱལ་སྤྱིའི་གནད་དོན་ཀྱི་རིགས་གཅིག་མཁས་ཅན་མང་པོས་ད་ཐེངས་ཀྱི་འཚམས་འདྲི་ནི“ཀྲུང་དབྱིན་པར་གཞིའི”ལས་དབང་གི་གཅིག་མཐུན་འདུས་གྲུབ་འཛུགས་པར་ཕན་པ་ཡོད་ལ། ཀྲུང་དབྱིན་གྱི་འབྲེལ་བ་རྒྱལ་ཁབ་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་མིག་དཔེར་འགྱུར་བར་ཕན་པའང་ཡོད། ཀྲུང་དབྱིན་གྱི“ཁེ་ཕན་གཅིག་མཐུན་འདུས་གྲུབ”དང“ལས་དབང་གཅིག་མཐུན་འདུས་གྲུབ”སྐོར་གྱི་ཞིས་ཀྲུའུ་ཞིའི་གྲོས་འགོར་དབྱིན་ཇིའི་རིག་གཞུང་ལས་རིགས་ཀྱི་དོ་ཁུར་དང་མཉམ་སྐྱེས་བྱུང་ཡོད་པའི་ངོས་འཛིན་བྱེད།
         ཉིའུ་ཅིན་སློབ་ཆེན་ཀྲུང་གོའི་ལྟེ་གནས་ཀྱི་ཀྲུའུ་རེན་སྐད་གྲགས་ལྡན་པའི་ཀྲུང་གོའི་དེང་རབས་ལོ་རྒྱུས་ཀྱི་རིགས་གཅིག་མཁས་ཅན་ལ་ན·སྨི་ཐེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། དབྱིན་ཀྲུང་རྒྱལ་ཁབ་གཉིས་ཀྱིས་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་སྤྱིའི་རྒྱབ་ལྗོངས་འོག ཐུན་མོང་གི་ལས་དབང་བཙལ་འཚོལ་བྱ་རྒྱུ་རེད། ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བསམ་ཚུལ་དེ་ལས་འབྲེལ་ཡོད་ཕྱོགས་ཁག་གིས་མཉམ་ལས་དང་ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ། གྲོས་མོལ་གཅིག་མཐུན་བྱས་པ་བརྒྱུད། ཐུན་མོང་གི་ངོས་འཛིན་ཞིག་ཆགས་པ་བྱ་རྒྱུའི་བླང་བྱ་བཏོན་ཡོད། སླད་ཕྱིན་ལོ་བཅུའི་ནང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་སྔར་བས་བསམ་ཤེས་བྱེད་པ་དང་འབྲེལ། མཉམ་ལས་ལ་ཕན་པ་སྔར་བས་མང་བ་ཐོབ་པ་བྱ་རྒྱུ་རེད་ཅེས་བཤད།
         དབྱིན་ཇིའི་རྒྱལ་ཁབ་48ཚོགས་པའི་རོལ་རྩེད་པུའུ་ཡི་ཀྲུའུ་ཞི་གཞོན་པ་ཅི་སི·པའེ་ནེ་ཐེ་ཡིས་ཞིས་ཀྲུའུ་ཞི་དབྱིན་ཇིར་འཚམས་འདྲི་གནང་རིང་བྱུང་བའི་ཕྱོགས་གཉིས་པོའི་གྲུབ་འབྲས་རེ་སྒུག་ཐུབ་པར་དམིགས་ཏེ། དབྱིན་ཀྲུང་གི་འབྲེལ་བ“དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཙོ་བོའི་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་མིག་དཔེ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཛིན་ལས་འཛིན་རྒྱལ་ཁབ་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་མིག་དཔེ། སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་མིག་དཔེ”བཅས་ལ་འགྱུར་བའི་བག་ཉལ་སྟོབས་ཤུགས་ལྡན་ཡོད་ཅེས་བཤད།
         དབྱིན་ཇིའི་ནུའོ་ཏིང་ཧན་སློབ་ཆེན་ཀྲུང་གོའི་སྲིད་ཇུས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ཉི་ཧྥུའུ·ཧོ་ལེ་ཧྲེ་ཡིས་དབྱིན་ཀྲུང་རྒྱལ་ཁབ་གཉིས་ཀྱི་ངོས་ནས་བརྗོད་ན། ཕན་ཚུན་གྱི་བདག་དབང་དང་ཕན་ཚུན་གྱི་ཆབ་སྲིད་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་ལ་བརྩི་འཇོག་བྱས་ཚེ། གཞི་ནས་མཉམ་ལས་ནུས་ལྡན་དང་དཔལ་འབྱོར་གྱི་རོགས་ཟླའི་འབྲེལ་བ་བཙུགས་ཐུབ། དེ་ལྟར་བྱས་ཚེ་ཕྱོགས་གཉིས་པོར་ཕན་ཐོགས་ཆེན་པོ་ཡོད་པ་དང་དུས་མཚུངས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ལ་ཕན་པའང་ཡོད་པའི་ངོས་འཛིན་བྱེད།
         དབྱིན་ཇིའི་སྐད་གྲགས་ལྡན་པའི་རིག་མཛོད་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་གཡོད་ཧན·ཆི་ཕུའུ་མན་གྱིས་ཞིས་ཀྲུའུ་ཞི་ད་ཐེངས་འཚམས་འདྲིར་ཕེབས་པ་འདི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི“རྫོགས་ལྡན་དུས་རབས”ལ་སྐུལ་མ་གཏོང་བ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་སྔར་བས་གཏིང་ཟབ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། “དབྱིན་ཇིས་དངུལ་རྩའི་ཞབས་ཞུ་སོགས་ལས་རིགས་སུ་ཀྲུང་གོ་དང་མཉམ་ལས་རྒྱ་ཆེར་བྱ་རྒྱུའི་རེ་སྒུག་བྱེད་པ་མ་ཟད། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་སུ་ཀྲུང་གོ་དང་འགྲོ་འོང་གཏིང་ཟབ་བྱ་རྒྱུའི་རེ་བའང་བྱེད་ཀྱི་ཡོད”ཅེས་བཤད།
         ཆི་ཕུའུ་མན་གྱིས་འཛམ་གླིང་གི་གར་སྟེགས་ཐོག་ཀྲུང་གོས་འཐབ་ཇུས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་དུས་རབས་21པའི་རྒྱལ་སྤྱིའི་མ་ལག་འཛུགས་པའི་ནང་ཧུར་ཐག་ཞུགས་ཀྱི་ཡོད། དོན་དངོས་མང་པོ་ལས་ཀྲུང་གོ་ནི་ས་མཚམས་དཔལ་འབྱོར་ཐད་ཀྱི་རྒྱལ་ཁབ་གལ་ཆེན་ཡིན་པ་མ་ཟད། ས་མཚམས་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་འགག་རྩའི་ནུས་པ་སྔར་བས་འདོན་སྤེལ་བྱེད་ཀྱི་ཡོད་པ་དང་། དབྱིན་ཀྲུང་གིས་འཐབ་ཇུས་མཉམ་ལས་ལ་ཤུགས་བརྒྱབ་ཚེ། ཕྱོགས་གཉིས་པོར་ཕན་པ་ཡོད་པ་གསལ་སྟོན་བྱས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།