འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འོད་འདུས་ཉི་ནུས་གློག་ཁང་ཐོག་མ་བཀོལ་སྤྱོད་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་23ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པ་སྣེའུ་ཁུལ་གསར་གྱི་ཀྲའོ་ཝ་གཅིག་ཡོད་པའི་འོད་འདུས་ཉི་ནུས་ཚ་ནུས་གློག་འདོན་དཔེ་སྟོན་རྣམ་གྲངས་ཁུལ་དུ་སླེབས་བྱུང་། འོད་རབ་ཏུ་འཚེར་བའི་ཤེལ་སྒོ་སྟར་པ་རེ་རེས་མིག་འཁྲུལ་ཞིང་། ལྡོག་འོད་འཕྲོ་ཤེལ་སྟེང་དུ་དངུལ་མདོག་གི་སྣུམ་འདྲེན་ལྕགས་མདོང་ཡོད་པ་མཐོང་ཡོད། རྣམ་གྲངས་བསྐྲུན་ཡུལ་དུ་ཤེལ་སྒོའི་ཁུལ་དང་གློག་འདོན་འཕྲུལ་ཁང་སོགས་རྨང་གཞིའི་འཛུགས་སྐྲུན་ཚང་མ་ལེགས་གྲུབ་ཟིན་པ་དང་འབྲེལ། རྒྱལ་ཁབ་གློག་དྲའི་གློག་ཤུགས་ཆེད་དོན་ཞིབ་བཤེར་གྱི་རྩིས་ལེན་ཐོབ་འདུག མིག་སྔར་ཚོད་ལྟའི་འཁོར་རྒྱུག་གི་དུས་མཚམས་སུ་སླེབས་ནས་གློག་དང་ཚ་ནུས་མཁོ་འདོན་བྱེད་ནུས་ལྡན་འདུག སླད་ཕྱིན། འོད་དང་ཚ་ནུས་མཉམ་འགུལ་རྣམ་གྲངས་དེ་འབྲོག་ལས་དང་འདེབས་འཛུགས་ལས་རིགས་ཀྱི་རྣམ་གྲངས་ཁྲོད་རྒྱ་ཁྱབ་ངང་སྤྱོད་རྒྱུ་རེད་འདུག
         ཤེས་རྟོགས་བྱུང་བར་གཞིགས་ན། སྣེའུ་ཁུལ་གསར་མཚོ་ཁུག་ལམ་ནུབ་ངོས་ཀྱི་རི་རྒྱུད་འབྲུབ་འགོག་ཆུ་རགས་ཀྱི་ཕྱི་རུ་གནས་པའི་ཀྲའོ་ཝ་གཅིག་གི་འོད་འདུས་ཉི་ནུས་ཚ་གློག་རྣམ་གྲངས་དེ་ནི“2013ལོའི་གཟི་བརྗིད་བྱ་གཞག་བོད་དུ་སྤེལ་བའི”སྣེའུ་ཁུལ་གསར་གྱི་གཙོ་གནད་ཚོང་འགུགས་མ་འདྲེན་རྣམ་གྲངས་ཡིན་པ་དེའི་དམིགས་ཡུལ་ནི་བོད་ཀྱི་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། བོད་ཀྱི་ཉི་ནུས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ས་མཐོའི་ཁྱད་ལྡན་ནུས་རྒྱུའི་རྣམ་གྲངས་ཀྱི་ཚན་རྩལ་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་བཅས་འཚོལ་ཞིབ་བྱ་ཆེད་རེད། མིག་སྔར་རྣམ་གྲངས་དེ་བོད་ལྗོངས་གློག་དྲར་ཟླ་སྒྲིལ་བཏང་ཞིང་། སྣེའུ་ཁུལ་གསར་གྱི་འཛུགས་སྐྲུན་གྱི་ཚ་ནུས་དང་གློག་ནུས་ཀྱི་ཕྱོགས་བསྡུས་ཐཱན་མེད་པའི་ནུས་རྒྱུ་མཁོ་འདོན་ཐུབ་ནས་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ཐད་དོན་སྙིང་འགངས་ཆེན་ལྡན་ཡོད།
         རྣམ་གྲངས་དེར་མ་དངུལ་བསྡོམས་སྒོར་ཁྲི་3000བཏང་ནས་2013ལོའི་ཟླ་10པར་སྐྲུན་འགོ་ཚུགས་པ་དང་2014ལོའི་ལོ་སྨད་དུ་བསྐྲུན་ཟིན་ཡོད། མིག་སྔར་རྣམ་གྲངས་དེའི་ཤེལ་སྒོའི་ཁུལ་དང་གློག་འདོན་འཕྲུལ་གློག་ཁང་སོགས་རྨང་གཞིའི་འཛུགས་སྐྲུན་ཡོངས་སུ་བསྐྲུན་ཟིན་ལ་གློག་ཤུགས་འབྲེལ་མཐུད་ཇུས་འགོད་དང་ཨར་རྒྱག་ལེགས་གྲུབ་ཟིན་པ་དང་འབྲེལ་རྒྱལ་ཁབ་གློག་དྲའི་གློག་ཤུགས་ཆེད་དོན་ཞིབ་བཤེར་རྩིས་ལེན་བྱུང་ནས་དྲ་ཐོག་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་འཁོར་རྒྱུག་བཟང་བ་དང་འབྲེལ་གློག་འདོན་ནུས་པ་ལྡན་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འོད་འདུས་ཉི་ནུས་ཚ་གློག་རྣམ་གྲངས་དེ་རྫོང་(ཆུས)དུ་ཁྱབ་གདལ་གཏོང་བའི་ཇུས་གཞི་ཞིབ་འཇུག་བྱས་ཏེ་བཟོས་ནས་ཞིང་འབྲོག་པའི་ཕྱུགས་ཟོག་གསོ་སྤེལ་དང་དྲོད་ཁང་ཆེ་མོའི་སྔོ་ཚལ་འདེབས་འཛུགས་སོགས་ཐད་དྲོད་རླངས་མཁོ་འདོན་ཐུབ་པ་བྱས་ཐོག་རྫོང་(ཆུས)དུ་གློག་དང་དྲོད་མཁོ་འདོན་བྱེད་པའི་ཁྲོད་ཀྱི་འོད་ཤུགས་དང་ཚ་གློག་གི་ནུས་པ་སྔར་བས་འདོན་སྤེལ་ཐུབ་པ་བྱ་རྒྱུ་རེད་འདུག
      

    ཕྱོགས་བསྡུས་གསར་འགྱུར།