འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྣུམ་རླངས་རྩད་ཞིབ་ལས་དོན་ལ་ ཚད་བརྒལ་ཆེན་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་23ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་2015ལོའི་ཀྲུང་གོའི་རྒྱལ་སྤྱིའི་གཏེར་ལས་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2014ལོར་རང་རྒྱལ་གྱི་སྣུམ་རླངས་རྩད་ཞིབ་ལས་དོན་ལ་ཚད་བརྒལ་ཆེན་པོ་བྱུང་ཞིང་། རྡོ་གཡམ་སོལ་རླངས་ལ་ཆ་མཚོན་ན་ས་གཤིས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་1068ཟིན་པ་རྩད་ཆོད་ཐོག་མ་ཐུབ་པ་དང་རྡོ་སྣུམ་ལ་ཆ་མཚོན་ན་ས་གཤིས་གསོག་ཚད་ཏུན་དུང་ཕྱུར་10.6ཡོད་པ་གསར་དུ་རྩད་ཆོད་ཐུབ་པ་དེ་ལོ་བརྒྱད་བསྟུད་མར་ཏུན་དུང་ཕྱུར་10ལས་བརྒལ་བ་དང་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་9438ཟིན་པ་དེ་ལོ་བཅུ་གཉིས་བསྟུད་མར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་5000ལས་བརྒལ་ཡོད་པ་རེད།
         2014ལོར་ཀྲུང་གོའི་ས་གཤིས་རྩད་ཞིབ་ལ་མ་དངུལ་སྒོར་དུང་ཕྱུར་1145བཏང་བའི་ནང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་195བཏང་བ་དེས་རྒྱལ་ཡོངས་ཀྱི་ས་གཤིས་རྩད་ཞིབ་གཏོང་ཆའི་17.0%བཟུང་བ་དང་སྤྱི་ཚོགས་ཀྱིས་སྒོར་དུང་ཕྱུར་950བཏང་བ་དེས་83.0%བཟུང་ཡོད། སྣུམ་རླངས་གཏེར་ཁ་ས་གཤིས་རྩད་ཞིབ་ལ་མ་དངུལ་སྒོར་དུང་ཕྱུར་743བཏང་བ་དེས་རྒྱལ་ཡོངས་ཀྱི་ས་གཤིས་རྩད་ཞིབ་གཏོང་ཆའི་64.9%བཟུང་བ་དང་སྣུམ་རླངས་མིན་པའི་གཏེར་ཁ་ས་གཤིས་རྩད་ཞིབ་ལ་མ་དངུལ་སྒོར་དུང་ཕྱུར་402བཏང་བ་དེས་35.1%བཟུང་ཡོད་པ་རེད།
         ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་ཞིང་། 2014ལོར་ནུས་རྒྱུ་ཐོན་སྐྱེད་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་36.0ཟིན་པ་དེ་དུས་མཚུངས་ལས་0.5%འཕར་བ་དང་། འཛད་སྤྱོད་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་42.6ཟིན་པ་དེ་2.2%འཕར་བ། ནུས་རྒྱུ་རང་མཁོ་རང་སྤྲོད་བྱེད་ཚད་84.5%ཟིན་ཡོད། ནུས་རྒྱུའི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། རྡོ་སོལ་གྱི་བསྡུར་ཚད་རྒྱུན་ཆད་མེད་པར་ཆག་པ། རང་བྱུང་སོལ་རླངས་སོགས་ནུས་རྒྱུ་གཙང་མའི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད། 2014ལོའི་ནུས་རྒྱུ་འཛད་སྤྱོད་གྲུབ་ཆ་ནི་རྡོ་སོལ་གྱིས་66.0%བཟུང་བ་དང་ཆུ་གློག་དང་། རླུང་གློག ཉིང་རྡུལ་གློག རང་བྱུང་སོལ་རླངས་སོགས་ཀྱིས་16.9%བཟུང་བ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།