འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་གདན་ཞུ་ཚོགས་འདུ་ཟླ་10ཚེས་24ཉིན་
    འཚོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་22ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་2015ལོའི་ཟླ་10ཚེས་24ཉིན་གྱི་སྔ་དྲོར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་ནུབ་མར་“བོད་རང་སྐྱོང་ལྗོངས་ཀྱི་2015ལོའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུ་ཚོགས་འདུ་”འཚོག་རྒྱུ་རེད། དུས་དེར་སློབ་གྲྭ་ནས་ཐོན་ཏེ་ལས་ཞུགས་བྱས་མེད་མཁན་རྣམས་དང་2016ལོའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་རྣམས་ཀྱིས་མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས་ཁྱེར་ནས་གདན་ཞུར་ཞུགས་རྒྱུ་མཁྱེན། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་གདན་ཞུ་བྱེད་མཁན་ཁེ་ལས་དང་བྱ་ལས་སྡེ་ཚན་ཁག་གིས་མིང་ཐོ་འགོད་བཞིན་ཡོད་ལ།  བོད་རང་སྐྱོང་ལྗོངས་ཀྱི་ལས་མི་དགོས་མཁོ་ཡོད་མཁན་ཁེ་ལས་དང་བྱ་ལས་སྡེ་ཚན་རིགས་ཁག་གིས་ལས་ཞུགས་ལས་གནས་མཁོ་འདོན་ཧུར་ཐག་བྱེད་ཅིང་། གདན་ཞུའི་ཚོགས་འདུར་ཞུགས་རྒྱུའི་མིང་ཐོར་འགོད་རྒྱུ་མ་ཟད། ཁེ་ལས་སྐོར་གྱི་མཚམས་སྦྱོར་མདོར་བསྡུས་དང་། ལས་གནས་ཀྱི་ཆ་འཕྲིན།  གདན་ཞུའི་ཆ་རྐྱེན་སོགས་ཀྱི་གློག་རྡུལ་པར་གཞིའི་ཡིག་ཆ་གློག་རྡུལ་ཡིག་སྒམxzbys0891@163.comནང་བསྐུར་རྒྱུའི་རེ་བ་བྱེད་ཀྱི་ཡིན། འབྲེལ་གཏུགས་ཁ་པར། 0891-6867389(བརྙན་སྐྱེལ་ཡང་བྱས་ཆོག)ཡིན།
      

    ཕྱོགས་བསྡུས་གསར་འགྱུར།