འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་2030ལོའི་གོང་དུ་ཟླ་བ་གོ་ལར་འཛེག་རྒྱུའི་འཆར་གཞི་བཀོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་22ཉིན། 16:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཨུ་རུ་སུས་2030ལོའི་གོང་དུ་ཟླ་བ་གོ་ལར་འཛེག་རྒྱུའི་འཆར་གཞི་བཀོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱིས་ཕུགས་འདུན་ཆེན་པོ་འཆང་བའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་འཆར་གཞི་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད། ཨུ་རུ་སུའི་“ནུས་ཁུངས་”མེ་ཤུགས་འཕུར་མདའི་འཇིག་རྟེན་ལ་འཕུར་སྐྱོད་ཚོགས་པས་འཆར་གཞི་འདི་དག་གི་ཁྲོད་དུ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་དང་འཁོར་ལམ་ཐོག་ཚེ་སྲོག་འགན་སྲུང་མ་ལག་ཞིབ་འཇུག་བྱས་ནས་གསར་བཟོ་བྱེད་པའི་ལས་འགན་ཁུར་ཡོད། ཉེ་སྔོན་ཚོགས་པ་དེའི་སྤྱི་དཔོན་སོར་ཨེན་ཚའེ་ཧྥུའུ་ཡིས་ཟླ་བ་གོ་ལའི་ཐོག་འཚོལ་ཞིབ་བྱེད་པར་བསྐྱོད་རྒྱུ་ནི་མ་འོངས་པའི་ལོ་10འམ་20ནང་ཨུ་རུ་སུའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྔོན་མའི་ལས་སྒྲུབ་བྱེད་ཕྱོགས་ཡིན་པ་དང་། ཨུ་རུ་སུའི་ཕྱོགས་ཀྱིས་2030ལོའི་སྔ་རོལ་དུ་ཟླ་བ་གོ་ལའི་ཐོག་བསྐྱོད་རྒྱུ་མངོན་འགྱུར་བྱེད་རྒྱུ་དང་། དེའི་རྗེས་ནས་རྒྱལ་ཁབ་གཞན་པ་དང་མཉམ་ལས་བྱས་ཏེ་སྐར་མ་མིག་དམར་ཐོག་བསྐྱོད་རྒྱུའི་འཆར་གཞི་བཀོད་པ་རེད། 
    ༄༅།།ཨུ་རུ་སུས་2030ལོའི་གོང་དུ་ཟླ་བ་གོ་ལར་འཛེག་རྒྱུའི་འཆར་གཞི་བཀོད་པ།
    ༄༅།།ཨུ་རུ་སུས་2030ལོའི་གོང་དུ་ཟླ་བ་གོ་ལར་འཛེག་རྒྱུའི་འཆར་གཞི་བཀོད་པ།
    ༄༅།།ཨུ་རུ་སུས་2030ལོའི་གོང་དུ་ཟླ་བ་གོ་ལར་འཛེག་རྒྱུའི་འཆར་གཞི་བཀོད་པ།
    ༄༅།།ཨུ་རུ་སུས་2030ལོའི་གོང་དུ་ཟླ་བ་གོ་ལར་འཛེག་རྒྱུའི་འཆར་གཞི་བཀོད་པ།
      

    ཕྱོགས་བསྡུས་གསར་འགྱུར།