འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བོད་ལྗོངས་ཀྱི་2016ལོའི་བོད་པའི་ལོ་གསར་དགོང་ཚོགས་ཀྱི་འཁྲབ་ཚན་དུ་རྒྱལ་ཡོངས་
    ནས་འཁྲབ་ཚན་བརྩམས་ཆོས་བསྡུ་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་22ཉིན། 16:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    འཁྲབ་ཁྲིད་པ་ཕིང་ཅིན།
    འཁྲབ་ཁྲིད་པ་ཕིང་ཅིན།
         མི་དམངས་དྲ་བའི་འཕྲིན། རྒྱ་ཆེའི་གཟིགས་མོ་བ་ཚོས་བོད་ལྗོངས་ཀྱི་བོད་པའི་ལོ་གསར་དགོང་ཚོགས་ལ་རེ་སྒུག་བྱེད་བཞིན་པའི་འདུན་པ་སྟོང་ཟད་དུ་མི་གཏོང་བའི་ཆེད། 2016ལོའི་བོད་ལྗོངས་ཀྱི་བོད་པའི་ལོ་གསར་དགོང་ཚོགས་ལ་འཁྲབ་ཁྲིད་པ་འདེམས་པ་ནས་བྱ་སྤྱོད་ཆེན་པོ་སྤེལ་འགོ་བརྩམས་ཤིང་། ཐོག་མ་ནི་བོད་པའི་ལོ་གསར་དགོང་ཚོགས་ལོ་ངོ་30གཉེར་བའི་རིང་རྒྱལ་ཡོངས་ཁྱོན་ནས་ཡོངས་གྲགས་སུ་འཁྲབ་ཁྲིད་པ་སུ་འོས་འགྲན་རྩོད་ཐེངས་དང་པོ་བྱས་ཤིང་། སུ་འོས་འགྲན་རྩོད་ཆ་འཕྲིན་དྲ་བའི་སྨྱན་སྦྱོར་དང་། སྲོལ་རྒྱུན་སྨྱན་སྦྱོར། འཕྲིན་ཕྲན་སྨྱན་སྦྱོར་སོགས་ཀྱི་སྟེགས་བུ་ནས་ཁྱབ་བསྒྲགས་བྱས་ཏེ་ཟླ་བ་གཉིས་རིང་ཡོངས་གྲགས་སུ་མིང་ཐོ་འགོད་པ་བརྒྱུད། ཁྱོན་བསྡོམས་ཚོགས་པ་བཞི་སུ་འོས་འགྲན་རྩོད་བྱེད་པར་ཞུགས། རིམ་པ་རེ་རེ་བཞིན་གདམ་གསེས་བྱས་མཐར་ལོ་རབས་80པར་སྐྱེས་པའི་མཛེས་མ་འཁྲབ་ཁྲིད་པ་ཕེང་ཅིན་གྱིས་2016ལོའི་བོད་ལྗོངས་ཀྱི་བོད་པའི་ལོ་གསར་དགོང་ཚོགས་ཀྱི་འཁྲབ་ཁྲིད་པར་བདམས་ཐོན་བྱུང་བ་རེད།
         བོད་ལྗོངས་བརྙན་འཕྲིན་ཁང་གི་འབྲེལ་ཡོད་འགན་ཁུར་པས་གསར་འགོད་པར་བརྗོད་པ་ལྟར་ན། ཕིང་ཅིན་ནི་ད་སྐབས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་རིག་གནས་དང་ལུས་རྩལ་གཞོན་ནུ་ལོ་ཆུང་ལེ་ཚན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་<<སྤང་རྒྱན་མེ་ཏོག་>>ན་ཆུང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་གཉིས་ཀྱི་འགན་ཁུར་ཡོད་ལ། ད་ལོར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་ཆེད་གཟབ་རྒྱས་ངང་སྟོན་པའི་རོལ་དབྱངས་འགྲན་རྩོད་འཁྲབ་ཚན་ཆེ་གྲས་<<བཀྲ་ཤིས་ཤོག་>>ཅེས་པའི་ཁྲོད་ཁོང་གིས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས་འཁྲབ་ཚན་དེའི་ལག་བསྟར་འཁྲབ་ཁྲིད་པ་བྱས་པ་དང་། འཁྲབ་ཚན་དེ་ཉིད་བསྟན་མ་ཐག་རྒྱལ་ཡོངས་ཀྱི་གཟིགས་མོ་ཚོས་ཡོངས་ཁྱབ་ཏུ་དོ་སྣང་བྱས་པ་མ་ཟད་ཚང་མས་་མགྲིན་གཅིག་ཏུ་བསྔགས་བརྗོད་བྱས་པ་རེད། 《བཀྲ་ཤིས་ཤོག་》ཅེས་པའི་འཁྲབ་ཚན་ལ་གྲུབ་འབྲས་བཟང་པོ་ཐོབ་རྗེས་ཀྱི་ཟླ་7པར། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་ཡང་བསྐྱར་《ཇོ་རིའི་གླུ་ལེན་》 ཞེས་པ་སྟོན་པའི་ནང་སྦྱོང་བྱེད་ཅིང་། ཁོང་གིས་སླར་ཡང་སྤྱི་ཁྱབ་འཁྲབ་ཁྲིད་པའི་ངོས་ནས་མི་རིགས་དང་། དེང་རབས། ཕུལ་བྱུང་། དར་ཁྱབ་ཆེ་བ་བཅས་ཀྱི་གཞི་རྒྱུ་མི་གཅིག་པ་དག་གར་སྟེགས་སུ་མངོན་པར་བྱས་པས། བརྙན་འཕྲིན་ལས་རིགས་དང་གཟིགས་མོ་བ་ཚོས་མགྲིན་གཅིག་ཏུ་ཁས་ལེན་བྱས་ཡོད། དེར་བརྟེན་ཁོང་ནི་ངེས་པ་དོན་གྱི་འཁྲབ་ཁྲིད་པ་མཛངས་མ་ཞིག་ཡིན་པ་མངོན་པ་རེད།
         ད་བརྒལ་གྱི་འདུ་ཤེས་ཡོད་པས། མཛེས་མ་འཁྲབ་ཁྲིད་པས་འདི་ག་ཚགས་པར་ཁང་བརྒྱུད་ནས"ང་ཚོས་རྒྱལ་ཡོངས་ལ་2016ལོའི་བོད་ལྗོངས་ཀྱི་བོད་པའི་ལོ་གསར་དགོང་ཚོགས་ཀྱི་འཁྲབ་ཚན་ཕུལ་དུ་བྱུང་བ་དང་། ནང་དོན་དགེ་མཚན་ལྡན་པ། སྐྱོན་དང་བྲལ་བ། ཡར་སྐུལ་གྱི་ནུས་པ་ལྡན་པ། དུས་རབས་ཀྱི་སྙིང་སྟོབས་ལྡན་པ་བཅས་ཀྱི་གླུ་དབྱངས་དང་། བཞད་གཏམ། རིག་རྩལ། རྩལ་རྩེད་སོགས་ཀྱི་འཁྲབ་ཚན་བསྡུ་རུབ་བྱེད་ཀྱི་ཡོད། བདམས་ཐོན་བྱུང་བའི་གྲོགས་པོ་ཚོར་སྤེན་པ་བདེ་སྐྱིད་དང་མཉམ་དུ་གར་སྟེགས་གཅིག་ནས་འཁྲབ་སྟོན་བྱེད་རྒྱུའི་གོ་སྐབས་ཡོད་པས། དམངས་ཁྲོད་ཀྱི་ཤེས་ལྡན་བུ་དང་བུ་མོ་ཚོའི་འཁྲབ་སྟོན་བརྩམས་ཆོས་ཕུལ་བྱུང་ལོ་གསར་གྱི་དགོང་ཚོགས་ལ་ཞུགས་པར་སྒུག་བཞིན་ཡོད་"ཅེས་བསྒྲགས་པ་རེད།
    བརྩམས་ཆོས་བསྐུར་བའི་དུས་ཚོད་ནི་2015ལོའི་ཟླ་10ཚེས་10ཉིན་ནས་2016ལོའི་ཟླ་1ཚེས་8ཉིན་བར་ཡིན་པ།
         མིང་ཐོ་འགོད་པ་དང་བརྩམས་ཆོས་བསྐུར་ཡུལ་ནི་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་2016ལོའི་བོད་ལྗོངས་ཀྱི་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱི་ཟློས་གར་འཁྲབ་མཁན་ཚོ་ཆུང་།
         འབྲེལ་གཏུགས་མི་སྣ། བསྟན་འཛིན་ཆུང་བ་དང་། འཆི་མེད།
         འབྲེལ་གཏུགས་ཁ་པར།  13889005747    15348907775
         འཁྲབ་ཁྲིད་པ་ཕིང་ཅིན།
      

    ཕྱོགས་བསྡུས་གསར་འགྱུར།