འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཅིབ་ཀྱིས་གཏོར་སྐྱོན་ཕོག་པའི་རྒྱལ་པོའི་གསེར་འབག་ཉམས་གསོ་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་22ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨེ་ཅིབ་ཀྱིས་གཏོར་སྐྱོན་ཕོག་པའི་རྒྱལ་པོའི་གསེར་འབག་ཉམས་གསོ་བྱེད་འགོ་བརྩམས་པ།
         2014ལོའི་ཟླ་བརྒྱད་པར་ཨེ་ཅིབ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་ལས་བྱེད་མི་སྣས་མཉམ་འཇོག་མ་བྱས་པར་ཐུག་རེག་བྱུང་བས། རྒྱལ་པོའི་གསེར་འབོག་གི་སྨ་རའི་སྣེ་མོ་ཆ་ཤས་ལྷུང་བ་རེད། བཤམས་མཛོད་ཁང་གི་ལས་བྱེད་མི་སྣས་འགྲེམས་སྟོན་ལ་ཤུགས་རྐྱེན་མི་འབྱུང་ཆེད་ཚུལ་མིན་གྱི་ཉམས་གསོ་རྒྱུ་ཆ་སྤྱད་པས། གསེར་འབོག་གི་ངོས་སུ་རྗེས་ཤུལ་མི་ལེགས་པ་ལུས་ཡོད། 2015ལོའི་ཟླ་10ཚེས་10ཉིན་ཉམས་གསོ་བྱེད་འགོ་ཚུགས་པ་དང་། མིག་སྔར་འཇར་མན་པ་ཁེ་ལི་སི་ཏི་ཨན་ཨེ་ཁེ་མན་གྱིས་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་ཀྱིས་ཆེད་མཁས་མི་སྣ་ཚོས་རྒྱལ་པོའི་གསེར་འབོག་གི་ཉམས་གསོ་ལས་ཀ་སྤེལ་བཞིན་ཡོད་པ་རེད།
    ༄༅།།ཨེ་ཅིབ་ཀྱིས་གཏོར་སྐྱོན་ཕོག་པའི་རྒྱལ་པོའི་གསེར་འབག་ཉམས་གསོ་བྱེད་འགོ་བརྩམས་པ།
    ༄༅།།ཨེ་ཅིབ་ཀྱིས་གཏོར་སྐྱོན་ཕོག་པའི་རྒྱལ་པོའི་གསེར་འབག་ཉམས་གསོ་བྱེད་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།