འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་
    འཚོག་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་19ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་དང་པོའི་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་
འཚོག་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་གྱི་ཕྱི་དྲོར་སྐབས་དང་པོའི་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོག་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་འགྲེམས་ཚོགས་འགོ་འཛུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད། སྐབས་འདིའི་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་ལ་འགྲན་ཚན་ཆེ་གྲས་26དང་འགྲན་ཚན་ཆུང་གྲས་305ཡོད་ཅིང་། རང་རྒྱལ་གྱི་ས་གནས་ཁག་ནས་ཡོང་བའི་འཐུས་ཚབ་ཚོགས་པ་55ཡི་ལུས་རྩལ་པ་7959འགྲན་ཚོགས་སུ་ཞུགས་ཡོད་པ་དང་། འགྲན་ཚོགས་ཟླ་10ཚེས་27ཉིན་མཇུག་བསྒྲིལ་རྒྱུ་རེད།
         གཞོན་ནུའི་ལུས་རྩལ་འགྲན་ཚོགས་ནི་སྔོན་མའི་རྒྱལ་ཡོངས་གྲོང་ཁྱེར་ལུས་རྩལ་འགྲན་ཚོགས་ཞེས་པ་ནས་བསྒྱུར་པ་ཡིན་ཞིང་། རྒྱལ་སྤྱིའི་གཞོན་ནུའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་འབྲེལ་མཐུད་སྔར་ལས་ལེགས་པར་བྱེད་ཆེད་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་2013ལོའི་ཟླ་11ཚེས་21ཉིན་སྐབས་བརྒྱད་པའི་རྒྱལ་ཡོངས་གྲོང་ཁྱེར་ལུས་རྩལ་འགྲན་ཚོགས་དེ་དངོས་སུ་སྐབས་དང་པོའི་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་ཞེས་པར་བསྒྱུར་ནས་འགྲན་ཚོགས་དེ་ན་གཞོན་ཚོར་ཕྱོགས་པའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་དང་། རིག་གནས་གསོལ་སྟོན་གཟབ་རྒྱས་ཤིག ལང་ཚོ་རྒྱས་པའི་དོན་ཆེན་ཞིག་བཅས་སུ་འགྱུར་བར་བྱས་པ་རེད།
    ༄༅།།སྐབས་དང་པོའི་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་
འཚོག་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།