འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ནུབ་བྱང་རྒྱུད་དུ་ས་ཡོམ་རིམ་པ་5.9བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་19ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ནུབ་བྱང་རྒྱུད་དུ་ས་ཡོམ་རིམ་པ་5.9བྱུང་བ།
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་17ཉིན་ཨ་ཀེན་ཐིན་རྒྱལ་ཁབ་ནུབ་བྱང་རྒྱུད་ཀྱི་སར་ཐ་ཞིང་ཆེན་དུ་ས་ཡོམ་རིམ་པ་5.9བྱུང་ཞིང་། མིག་སྔའི་བར་ཉུང་མཐའ་ཡང་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁ་ཤས་ལ་རྨས་སྐྱོན་ཕོག་པ། སྡོད་ཁང་ཁ་ཤས་རྡིབ་པ་རེད། ཨ་ཀེན་ཐིན་ས་ཡོམ་སྔོན་འགོག་ལྟེ་གནས་ཀྱི་ཆ་འཕྲིན་ལ་གཞིགས་ན། ས་ཡོམ་ལྟེ་གནས་ནི་སར་ཐ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་སར་ཐ་གྲོང་ཁྱེར་ཤར་ལྷོའི་སྤྱི་ལེ་100ཡོད་པའི་ཨེར་ཁར་གྲོང་རྡལ་དུ་ཡིན་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཡོད་ཅིང་། ས་ཡོམ་སྐར་ཆ་13རྒྱུན་མཐུད་བྱུང་བ་རེད། ས་ཡོམ་བྱུང་ནས་སྡོད་ཁང་རྡིབ་སྐབས་ལོ་80ལོན་པའི་རྒན་འཁོགས་ཤིག་རྐྱེན་ལམ་དུ་ཤོར་བ་རེད།
    ༄༅།།ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ནུབ་བྱང་རྒྱུད་དུ་ས་ཡོམ་རིམ་པ་5.9བྱུང་བ།
    ༄༅།།ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ནུབ་བྱང་རྒྱུད་དུ་ས་ཡོམ་རིམ་པ་5.9བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།