འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གླུ་གར་འཁྲབ་གཞུང་《ཕུགས་འདུན་འགྲུབ་པ་》ཞེས་པ་རྒྱལ་ཁབ་ཟློས་
    གར་ཆེ་མོ་ཁང་དུ་འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་15ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ཀྱི་གླུ་གར་འཁྲབ་གཞུང་《ཕུགས་འདུན་འགྲུབ་པ་》ཞེས་པ་རྒྱལ་ཁབ་ཟློས་
གར་ཆེ་མོ་ཁང་དུ་འཁྲབ་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན་པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་མཐུན་ཚོགས་ཀྱིས་བཏོན་པའི་བོད་ཀྱི་གླུ་གར་འཁྲབ་གཞུང་《ཕུགས་འདུན་འགྲུབ་པ་》ཞེས་པ་དེ་རྒྱལ་ཁབ་ཟློས་གར་ཆེ་མོ་ཁང་དུ་འཁྲབ་སྟོན་བྱས་པ་རེད།
         གླུ་གར་འཁྲབ་གཞུང་《ཕུགས་འདུན་འགྲུབ་པ》ཞེས་པ་འདིའི་ནང་བོད་ཀྱི་ལྟེ་བའི་ཁུལ་དུ་བཅར་འདྲི་བྱེད་པར་སྐྱོད་པའི་རྒྱ་རིགས་པར་ལེན་གསར་འགོད་པ་ཁ་བ་བུ་ཡུག་ཁྲོད་དཀའ་ངལ་དུ་འཕྲད་ཡོད་དུས། སྐྲན་ནད་ཕོག་ཡོད་པའི་བོད་རིགས་བུ་མོ་ཞིག་གིས་སྲོག་སྐྱོབ་བྱས་པ་དང་། རྗེས་མར་རྒྱ་རིགས་གསར་འགོད་པ་དེས་བོད་རིགས་བུ་མོ་དེ་ནད་ལ་སྨན་བཅོས་བྱེད་རོགས་བྱས་པ། མཐར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་རྒྱ་རིགས་གསར་འགོད་པ་དེས་བོད་རིགས་བུ་མོ་དེ་ནང་སར་འཁྲིད་དེ་སྨན་བཅོས་བྱས་པའི་སྐོར་བརྗོད་ཡོད་ཅིང་། འཁྲབ་གཞུང་དེས་མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་པའི་གོ་རིམ་ནང་བོད་སྐྲུན་བོད་སྐྱོར་གྱི་ལས་བྱེད་པ་ཚོའི་སེམས་ཀྱི་ལམ་བུའི་བརྒྱུད་རིམ་དེ་ཡང་ཇི་མ་ཇི་བཞིན་དུ་མཚོན་ཡོད་པ་རེད།
    ༄༅།།བོད་ཀྱི་གླུ་གར་འཁྲབ་གཞུང་《ཕུགས་འདུན་འགྲུབ་པ་》ཞེས་པ་རྒྱལ་ཁབ་ཟློས་
གར་ཆེ་མོ་ཁང་དུ་འཁྲབ་སྟོན་བྱས་པ།
    ༄༅།།བོད་ཀྱི་གླུ་གར་འཁྲབ་གཞུང་《ཕུགས་འདུན་འགྲུབ་པ་》ཞེས་པ་རྒྱལ་ཁབ་ཟློས་
གར་ཆེ་མོ་ཁང་དུ་འཁྲབ་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།