འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བྱང་ཐང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་མང་དུ་མགྱོགས་མྱུར་
    འགྲོ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་19ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་ལྷ་ས་ནས་འབྱོར་བའི་གློག་འཕྲིན་ལྟར་ན། བོད་ལྗོངས་ཀྱིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དོ་དམ་སྲུང་སྐྱོང་ས་ཚིགས་76འཛུགས་རྒྱུ་ཡིན་ཞིང་། མིག་སྔར་དོ་དམ་སྲུང་སྐྱོང་ས་ཚིགས་10བའཛུགསཔའི་ལས་དོན་ཆེད་ལས་དོ་དམ་སྲུང་སྐྱོང་རུ་མི་241གདན་ཞུའི་ལས་དོན་བསྒྲུབས་པ་རེད། ས་ཚིགས་འཛུགས་རྒྱུའི་སྤྱི་ཡོངས་ཀྱི་འཆར་གཞི་སང་ལོའི་ཟླ་9པར་ཡོངས་སུ་ལེགས་འགྲུབ་བྱེད་རྒྱུ་ཡིན་པ་མ་ཟད། སྤྱི་ལེ་གྲུ་བཞི་མ་29.8ཡོངས་སུ་ཁྱབ་པར་བྱེད་རྒྱུ་རེད། 
    མཚམས་སྦྱོར་བྱས་པ་ལྟར་ན། སྲུང་སྐྱོང་ནུས་ལྡན་བྱས་པའི་རྐྱེན་གྱིས་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་མངའ་རིས་ཕྱོགས་ཀྱི་ཁུལ་གཅིག་པུའི་གཙོད་ཀྱི་གྲངས་འབོར་སྲུང་སྐྱོངཁུལ་མ་བཙུགས་གོང་གི་ཁྲི་3ཡས་མས་ནས་ཁྲི་6དུ་འཕར་ཡོད་པ་དང་། འབྲོང་གི་གྲངས་འབོར་ནི་ཁྲི་1ཡས་མས་ནས་ཁྲི་3ལྷག་ཏུ་འཕར་ཡོད་ལ། རྐྱང་གི་གྲངས་འབོར་ནི་ཁྲི་1ཡས་མས་ནས་ཁྲི་4ལྷག་ཏུ་འཕར་ཡོད། གཉན་དང་གནའ་བ།  གསའ་སོགས་ཀྱི་གྲངས་འབོར་ནི་ཚང་མ་ལྡབ་གཅིག་འཕར་ཡོད་པ་དང་རྩི་ཤིང་ཁྱབ་པར་སྐྱེས་པའི་ས་ངོས་ཀྱང་སྲུང་སྐྱོང་ལེགས་པོ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།