འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་12ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 1965ལོའི་ཟླ་དགུ་པར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཏེ་བོད་ལ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་ནས་རྒྱ་ཆེའི་ཡར་ལངས་ཞིང་བྲན་དང་བྲན་གཡོག་རྣམས་བོད་ཀྱི་བདག་པོ་དང་རང་གི་ལས་དབང་གི་བདག་པོར་གྱུར་པ་རེད། 1984ལོར་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་རྗེས། བཅའ་ཁྲིམས་རྣམ་པས་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་སྔར་བས་བརྟན་དུ་བཏང་སྟེ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཅན་གྱི་ལམ་བུར་དངོས་སུ་བསྐྱོད་པ་རེད། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱིས་བོད་མི་དམངས་ཀྱི་ཁེ་ཕན་ཁག་འགན་ལེན་ནུས་ལྡན་བྱུང་བའི་ཐོག བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་མངོན་འགྱུར་བྱ་ཆེད་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་པའི་ངོས་འཛིན་བྱས་ཡོད།
         ཁེན་ནི་ཡ་ནེ་ལུའོ་པི་སློབ་ཆེན་རྒྱལ་སྤྱིའི་དཔལ་འབྱོར་གནད་དོན་གྱི་རིགས་གཅིག་མཁས་ཅན་ཀའེ་ལི་ཞུང·དབྱི་ཅི་ཡ་ལས། ཀྲུང་གོ་སྲིད་གཞུང་གིས་བོད་ལ་དཔལ་འབྱོར་དང་། ཆབ་སྲིད། རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་འཕེལ་རྒྱས་རྣམ་པ་གལ་ཆེན་ནང་འདྲེན་བྱས་པར་བརྟེན། བོད་དེ་ཉིད་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ས་ཁུལ་དུ་གྱུར་པ་མ་ཟད། ལོ་བཅུ་གྲངས་ལྷག་ཙམ་རིང་བོད་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་ངོས་འཛིན་བྱེད།
         ཁོང་གིས་མིག་སྔར་ཀྲུང་གོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པར་བརྟེན། བོད་ལ་འགྱུར་ལྡོག་དེ་བས་ཟབ་མོ་བྱུང་ནས་བོད་ཀྲུང་གོའི་ས་ཁོངས་སུ་དེང་རབས་ཅན་གྱི་དམིགས་ཚད་ལ་ཁ་ཕྱོགས་ནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ས་ཁུལ་དུ་གྱུར་ཡོད། ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་ཞིང་ལས་དང་། འབྲོག་ལས། ཚོང་དོན་སོགས་ཁྱབ་ཁོངས་ཚང་མའི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཀྲུང་གོ་སྲིད་གཞུང་གིས་མུ་མཐུད་མ་དངུལ་བཏང་བ་ལས་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད།
         ཨུ་རུ་སུ་ཤར་ཕྱོགས་རིག་པ་མཁས་ཅན་ཡ་ཁེ་ཕུའུ་ལེ་ཕུའུ་ཡིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50སོང་ཚུན། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ། ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་རྗེས་ལོ་30ལྷག་ཙམ་རིང་། དེ་སྔ་ཅུང་རྗེས་ལུས་ཡིན་པའི་བོད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས། ཞིང་ལས་དང་འབྲོག་ལས་ལ་ཡར་རྒྱས་ཆེན་པོ་ཕྱིན་པ་མ་ཟད། མི་འབོར་གྱི་གྲངས་ཚད་དང་མིའི་ཆ་སྙོམས་ཚེ་ཚད་ཀྱང་ཆེས་ཆེར་རིང་དུ་ཕྱིན་པའི་ངོས་འཛིན་བྱེད།
         ཁོང་གིས་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱིས་ད་དུང་བོད་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་མ་ཐེབས་ཤིང་། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་བོད་ལ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད། གཞན་ཡང་རང་སྐྱོང་ལྗོངས་བཙུགས་པའི་དགེ་མཚན་གཞན་ཞིག་ནི་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཐུན་མིན་རིག་གནས་སྲུང་སྐྱོང་དང་ཉར་ཚགས་ཡག་པོ་བྱུང་བ་དེ་རེད། མིག་སྔར་རང་སྐྱོང་ལྗོངས་ཀྱི་རིག་གནས་ལོ་རྒྱུས་གནའ་ཤུལ་55ལ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་ཐོབ་ཡོད། བོད་མི་དམངས་ལ་གལ་འགངས་ཤིན་ཏུ་ཆེ་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལའང་སྲིད་གཞུང་གི་སྲུང་སྐྱོང་དང་རྒྱབ་སྐྱོར་ཐོབ་ཡོད་ཅེས་བཤད།
         པར་ཙིར་ཀྲུང་གོ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གནད་དོན་ཞིབ་འཇུག་སུའོ་ཡི་ཀྲུའུ་རེན་ཁ་པུའུ་ལའར་ཡིས། བོད་ལ་བཅིངས་འགྲོལ་བཏང་རྗེས། ཀྲུང་གོ་སྲིད་གཞུང་གིས་བོད་ལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པར་བརྟེན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད། ཀྲུང་གོ་སྲིད་གཞུང་གིས་ལག་བསྟར་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱིས། བོད་མིས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཁྱོངས་ཐུབ་པ་མ་ཟད། རྨང་གཞི་དེའི་ཐོག་ས་ཁུལ་དེར་དེ་བས་གཟིགས་སྐྱོང་གི་འཕེལ་རྒྱས་དབང་ཆ་སྤྲད་ནས་བོད་ཀྱི་དཔལ་འབྱོར་མགྱོཌ་མྱུར་འཕེལ་རྒྱས་ཕྱིན་ཡོད་པའི་ངོས་འཛིན་བྱས་པ་རེད།
         《ཨེ་ཤེ་ཡའི་ཉིན་རེའི་ཚགས་པར》གྱི་ཧྲེ་ཀྲང་གཞོན་པ་ཆན་ཧྥོང་གིས། བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་ཡུལ་སྐོར་སོགས་ཕྱོགས་ཁག་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། བོད་རྙིང་པར་གཞུང་ལམ་གཅིག་ཀྱང་མེད། ད་ཆ་བོད་ཡོངས་སུ་ལྷ་སས་ལྟེ་བ་བྱས་པ་དང“འཕྲེད་གསུམ་དང་གཞུང་གཉིས་ལམ་ཆེན་དྲུག”གིས་སྒྲོམ་གཞི་བྱས་པའི་གཞུང་ལམ་འགྲིམ་འགྲུལ་གྱི་དྲ་རྒྱ་ཆགས་པར་མ་ཟད། ད་དུང་ལྕགས་ལམ་དང་རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་སོགས་ཡོད། ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་བོད་དང་དེ་མིན་ཞིང་ལྗོངས་ཆུས་དབར་གྱི་སྤེལ་རེས་དང་འབྲེལ་འདྲིས་ལ་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད། བོད་ཀྱིས་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པར་ཤུགས་སྣོན་ཐེབས་ནས། བོད་རིགས་སྤུན་ཟླ་ཚོར་དངོས་འབྲེལ་དྲང་འབྲེལ་གྱི་ཕན་པ་ཐོབ་ཡོད་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།