འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུའུ་སོགས་སྡེ་ཚན་དགུ་ཡིས་མཉམ་དུ《མཛུབ་ཁྲིད་བསམ་
    འཆར》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་12ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན་དམངས་སྲིད་པུའུ་དང་། འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ། གྲོང་ཁྱེར་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། སྤུས་ཚད་ལག་རྩལ་ཞིབ་བཤེར་སྤྱི་ཁྱབ་ཅུས། བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་པུའུ་ཨུད(ཅུས)དགུ་ཡིས་མཉམ་དུ《རང་བྱུང་གནོད་འཚེའི་རོགས་སྐྱོབ་ཐད་ཀྱི་དངོས་ཟོག་གྲ་སྒྲིག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》འགྲེམས་སྤེལ་བྱས་ཏེ་མ་འོངས་དུས་སྐབས་ཤིག་རིང་གི་རྒྱལ་ཡོངས་ཀྱི་གེགས་སེལ་དངོས་ཟོག་གྲ་སྒྲིག་མ་ལག་བསྐྲུན་རྒྱུའི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་དང་ལས་འགན་གཙོ་བོ། འགན་ལེན་བྱེད་ཐབས་བཅས་བཏོན་ཡོད། 《མཛུབ་ཁྲིད་བསམ་འཆར》ནང་གེགས་སེལ་དངོས་ཟོག་གྲ་སྒྲིག་མ་ལག་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་གི་ལས་དོན་ལ་དམིགས་ནས་རིམ་དབྱེ་འགན་ཁུར་དང་། སྡེ་ཚན་མཉམ་ལས། སྤྱི་ཚོགས་ཞུགས་པ་བཅས་བྱས་ཏེ“ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར། རྫོང་། ཤང”བཅས་ཀྱི་འཕྲེད་ནས་འབྲེལ་མཐུད་དང་གཞུང་ནས་འདེགས་སྐྱོར་བྱེད་པའི་རིམ་ལྔའི་གེགས་སེལ་དངོས་ཟོག་གྲ་སྒྲིག་མ་ལག་བསྐྲུན་རྒྱུར་ཤུགས་བརྒྱབ་ནས་རང་བྱུང་གི་གནོད་འཚེ་འགོག་པ་དང་ཁ་གཏད་བཅོག་པའི་ནུས་པ་ཆེ་རུ་དང་རང་བྱུང་གནོད་འཚེ་སེལ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།
         《མཛུབ་ཁྲིད་བསམ་འཆར》ནང་གེགས་སེལ་དངོས་ཟོག་དོ་དམ་སྒྲིག་སྲོལ་ལམ་སྲོལ་དང་། གྲ་སྒྲིག་དྲ་རྒྱ། འགན་གཙོ་བོ། གྲ་སྒྲིག་བྱེད་ཐབས། སྐྱེལ་འདྲེན་ཕན་འབྲས། ཆ་འཕྲིན་ཅན་གྱི་དོ་དམ། སྤུས་ཚད་བདེ་འཇགས། གསོག་འཇོག་མཛོད་དོ་དམ་སོགས་ལྷུ་ཚིགས་གལ་ཆེན་བཅས་ལ་དམིགས་པ་དང་འབྲེལ། ས་གནས་ཁག་གིས་རང་རྒྱལ་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི“ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར། རྫོང་། ཤང”བཅས་རིམ་ལྔའི་གེགས་སེལ་དངོས་ཟོག་གྲ་སྒྲིག་མ་ལག་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱེད་དགོས་པ་དང་ཆབས་ཅིག་འགོ་ཁྲིད་ལ་ཤུགས་སྣོན་དང་། ཕན་ཚུན་མཐུན་སྦྱོར། སྣེ་མང་ཞུགས་པ་སོགས་ལ་འགན་ལེན་བྱེད་ཐབས་བཏོན་པའི་ཐོག་སྡེ་ཚན་དགུ་ཡི་མ་ལག་འཛུགས་སྐྲུན་གྱི་འགན་ཞིབ་ཕྲ་ཁ་གསལ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།