འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དུ་འབད་བརྩོན་བྱེད་བཞིན་པའི་བོད་རིགས་ན་གཞོན་ཚོའི་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།པེ་ཅིང་དུ་འབད་བརྩོན་བྱེད་བཞིན་པའི་བོད་རིགས་ན་གཞོན་ཚོའི་གཏམ་རྒྱུད།
         ནོར་བུ་བཀྲ་ཤིས། བོད་ལུགས་གསོ་རིག་ནི་ལྐོག་གྱུར་ཞིག་མ་ཡིན་པར་དེ་ནི་ཚན་རིག་ཅིག་ཡིན་པ།
         ནོར་བུ་བཀྲ་ཤིས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ཞིབ་འཇུག་པ་ཞིག་ཡིན། ཁོང་ནི་ལོ་རབས་བདུན་ཅུ་པའི་རྗེས་ནས་སྐྱེས་པ་ཞིག་ཡིན་ལ། ཕ་ཡུལ་ནི་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་བོད་སྨན་ལ་མཁས་པའི་ཁྱིམ་ཚང་ཞིག་ནས་རེད། ཁོང་གི་པ་ཕ་ནི་རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་གི་སྨན་པ་ཞིག་ཡིན། བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ས་གནས་དེ་གའི་མང་ཚོགས་ཀྱིས་ཁོའི་པ་ཕ་ལ་འཁྲུལ་མེད་སྨན་པ་ཞེས་འབོད་ཀྱི་ཡོད་པ་རེད། བཀྲ་ཤིས་ལ་གཅེན་གཅུང་མིང་སྲིང་བདུན་ཡོད། ཁོང་རང་ལོ་12ཀྱི་སྐབས་སློབ་ཆུང་ནས་མཐར་ཕྱིན་སྐབས། བོད་ལྗོངས་འཕྲོད་བསྟེན་ཐིང་ལ་བོད་ལུགས་གསོ་རིག་གི་སྨན་པ་རྒན་པ་ཞིག་གིས་རྒྱུན་འཛིན་པ་བསྡུ་རྒྱུའི་ལས་གཞི་ཞིག་དང་འཕྲད་པས། ཁོ་བོ་སློབ་ཆུང་ནས་ཐོན་རྗེས་པ་ཕའི་རྩ་ནས་སྨན་དཔྱད་སློབ་སྦྱོང་བྱས་པ་རེད། ལོ་བཞིའི་རྗེས་ཏེ་ལོ་བཅུ་དྲུག་ལ་སོན་ཙམ་ན། ཁོ་བོ་རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་འགོ་བརྩམས་ཤིང་། སྨན་ཁང་དུ་བཀྲ་ཤིས་ཀྱིས་ཕྱོགས་གཅིག་ནས་པ་ཕའི་དྲུང་ཡིག་བྱས་པ་དང་། ཕྱོགས་གཞན་ཞིག་ནས་པ་ཕའི་རྩ་ནས་མུ་མཐུད་དེ་སྨན་དཔྱད་ཀྱི་ལག་རྩལ་སློབ་སྦྱོང་བྱས་པ་རེེད།
         ལོ་རབས་90པའི་སྐབས་བཀྲ་ཤིས་འོས་སྐྱེལ་ངང་བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་སློབ་གླིང་སློབ་སྦྱོང་བྱེད་པར་བཏང་བ་དང་། 2005ལོར་བོད་ལྗོངས་གསོ་རིག་སློབ་གླིང་གི་ཞིབ་འཇུག་སློབ་མའི་རྒྱུགས་འཕྲོད་ཅིང་། 2008ལོར་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན་པ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཞིབ་འཇུག་པར་བསྡུས་པས། དེ་ནས་ཁོ་བོའི་པེ་ཅིང་དྭ་འཚོ་བ་སྐྱེལ་འགོ་བརྩམས་པ་རེད།
         པེ་ཅིང་དུ་སླེབས་པའི་རྗེས་ཁོ་བོར་རྒྱལ་ཁབ་རིམ་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་རིའི་གཟེངས་རྟགས་གཉིས་ཐོབ་མྱོང་བ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་གྲུབ་འབྲས་རིམ་པ་གཉིས་པའི་གཟེངས་རྟགས་ཀྱང་ཐོབ་མྱོང་། 
         ད་སྐབས་བཀྲ་ཤིས་ཀྱིས་ཀྲུང་གོའི་བོད་ལུགས་གསོ་རིག་གི་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་ཀ་བྱེད་བཞིན་ཡོད་ཅིང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡི་བོད་ཁུལ་གྱི་ཆེད་མཁས་པ་ཚོ་མཉམ་དུ་འཛོམས་ནས་རྩོམ་སྒྲིག་བྱེད་བཞིན་ཡོད། ཚིག་མཛོད་ཆེན་མོ་དེའི་བམ་པོ་དང་པོ་ནི་བོད་ཡིག་ཡིན་པ་དང་། བམ་པོ་གཉིས་པ་ནི་བོད་རྒྱ་ཡིག་རིགས་གཉིས་ཀ་ཡོད་པ་ཡིན་ཞིང་། ཚིག་མཛོད་ཆེན་པོ་དེའི་ནང་མིང་ཚིག་ཆིག་ཁྲི་ལྔ་སྟོང་ལྷག་ཙམ་བསྡུ་སྒྲིག་བྱས་ཡོད་པ་རེད།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།