འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་9ཚེས་1ཉིན་ཚེས་5ཉིན་བར་པེ་ཅིང་གྲོང་ཁྱེར་གྱི་ཁྲོམ་སྲང་ཡོངས་སུ་རྒྱལ་དར་
    དཔྱང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་01ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཟླ་9ཚེས་1ཉིན་ཚེས་5ཉིན་བར་པེ་ཅིང་གྲོང་ཁྱེར་གྱི་ཁྲོམ་སྲང་ཡོངས་སུ་རྒྱལ་དར་
དཔྱང་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་ནས་ཚེས་5ཉིན་བར་པེ་ཅིང་གྲོང་ཁྱེར་ཡོངས་ཀྱི་སྲང་ལམ་དང་། སྡེ་ཁུལ། ལས་ཁུངས་སོགས་སུ་རྒྱལ་དར་དཔྱང་རྒྱུ་ཡིན་པ་དང་། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་མཐའ་སྐོར་དུ་ཡོད་པའི་བཟོ་བཀོད་ཆེ་གྲས་ཀྱི་སྟེང་ལ་ཚོན་ལྡན་དར་ཆ་སྒྲེང་རྒྱུ་ཡིན་ལ། ཟླ་9ཚེས་2ཉིན་ནས་ཚེས་9ཉིན་བར་མཛེས་ལྗོངས་ཁག་གི་གློག་ཞུ་སྤར་རྒྱུ་ཡིན་པ་དང་། དེའི་རིང་ཚེས་2ཉིན་དང་ཚེས་3ཉིན་ལ་པེ་ཅིང་གྲོང་ཁྱེར་ཡོངས་ཀྱི་མཛེས་ལྗོངས་ཀྱི་གློག་ཞུ་རྣམས་དུས་ཆེན་གལ་ཆེན་རིམ་པ་ལྟར་སྤར་རྒྱུ་ཡིན་ཞིང་། དུས་ཚོད་ནི་དགོང་མོའི་ཆུ་ཚོད་19ནས་ཆུ་ཚོད་24བར་རེད།
      

    ཕྱོགས་བསྡུས་གསར་འགྱུར།