འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་བཟང་ཤོས་སྐབས་སུ་བོད་ལྗོངས་ཀྱི་མཛེས་པ་ལ་རོལ་མྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་9པ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་དུས་བཟང་ཡིན་པ་དང་། དུས་མཚུངས་སུ་མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་9འཁོར་བའི་ལོའང་རེད། ཟླ་9པར་བོད་ལྗོངས་སུ་བསྐྱོད་རྒྱུ་ཤིན་ཏུ་འཚམས་པ་སྟེ། སྐབས་འདི་དུས་ཆར་བ་འབབ་ཚད་ཅུང་ཉུང་བ་དང་། མཐོ་སྒང་དུ་གསོ་རླུང་མང་བའི་དུས་ཀྱང་ཡིན་པས། མཐོ་སྒང་འགྱུར་འབྱུང་དང་མི་འཕྲོད་པའི་གནས་ཚུལ་ཉུང་བ་རེད། ཟླ་9པར་བོད་ལྗོངས་སུ་ཡུལ་སྐོར་བྱེད་པར་ཕྱིན་ན། ང་ཚོས་སྔོ་ཞིང་དྭངས་པའི་ནམ་མཁའ་མཐོང་ཐུབ་ལ། དྭངས་ཤིང་གཙང་པའི་ཆུ་བོ་དང་། སྔོ་ཞིང་ལྗང་བའི་རྩྭ་ཐང་། དྲི་ཞིམ་ཐུལ་བའི་རི་ལུང་སོགས་ཀྱང་རོལ་ཐུབ་པས། སྟོན་དུས་བོད་ལྗོངས་སུ་བསྐྱོད་ན། མཛེས་སྡུག་ལྡན་ཞིང་ཁྱད་འཕགས་ཀྱི་གནས་མཆོག་ཅིག་མཐོང་ཐུབ་པ་སྟེ། དུས་སྐབས་འདིར་བོད་ལྗོངས་ནི་སེར་པོ་དང་། དམར་པོ། སྔོན་པོ། ལྗང་གུ་བཅས་ཀྱིས་བརྒྱན་ཡོད་པས། སྐུ་ཉིད་ཀྱིས་མཐོང་བའི་བོད་ལྗོངས་ནི་དྭངས་ཤིང་བསིལ་བ་དང་གཙང་ཞིང་འཇམ་པ་ཞིག་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།