འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཞོ་སྟོན་རིང་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་
    ངོ་སྤྲོད་འདུ་ཚོགས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་17ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཞོ་སྟོན་རིང་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་
ངོ་སྤྲོད་འདུ་ཚོགས་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ། ཀོང་ཏུང་། ཧུའུ་ནན། ཀུའེ་ཀྲོའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་མཁས་པ་དང་། ས་གནས་དེ་གའི་ཚོང་ཚོགས། སྐད་གྲགས་ལྡན་པའི་ཁེ་ལས་མཁས་ཅན། གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཚན་པའི་འགོ་ཁྲིད་སོགས་མི་350གངས་ལྗོངས་གནས་མཆོག་ལྷ་སར་དགའ་འཛོམས་བྱས་ཤིང་། ཟླ་8ཚེས་14ཉིན་ལྷ་ས་གྲོང་ཁྱེར་གྱིས་ཞོ་སྟོན་རིང་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་འཚོགས་པ་དང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཧོ་ཧྲོའུ་སུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་སྔ་ནུབ་བར་ལྷ་ས་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་79ངོ་འཕྲད་གྲོས་མོལ་ལེགས་སྒྲུབ་བྱས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་194.84ཟིན་ཡོད།
         “འདི་ལོའི་ཞོ་སྟོན་གྱི་སྔ་ནུབ་བར་ལྷ་ས་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་79ངོ་འཕྲད་གྲོས་མོལ་ལེགས་སྒྲུབ་བྱས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་194.84ཟིན་པའི་ནང་རྣམ་གྲངས་50ལ་དངོས་སུ་མིང་རྟགས་བཀོད་པ་དེ་དག་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་85.21ཟིན་པ་དང་། རྣམ་གྲངས་29ལ་མིང་རྟགས་འགོད་འདོད་ཡོད་པ་དེ་དག་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་109.63ཟིན་ཡོད། རྣམ་གྲངས་79ཡི་ཁྲོད་ཚོང་དོན་རིགས་ཀྱི་མིང་རྟགས་འགོད་པའི་རྣམ་གྲངས་7ཡོད་པ་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་10.67ཟིན་ཡོད” ཧོ་ཧྲོའུ་སུན་གྱིས་གོང་ཚེས་ཉིན་གྱི་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་ཀྱི་རྣམ་གྲངས་28ལ་མིང་རྟགས་བཀོད་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་91.58ཟིན་པ་དེ་ཐོག་ནས་མིག་སྔའི་ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་དེ་ཕྱོགས་ཡོངས་ནས་སྤེལ་བའི་དུས་མཚམས་ནས་རིམ་སྤོར་གཏིང་ཟབ་བྱེད་པའི་དུས་མཚམས་སུ་སླེབས་པ་དང་། ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཞི་ཁྱོན་དེ“ཆུང་ལ་ཐར་ཐོར”གྱི་དུད་ཚང་ཁེར་རྐྱང་ནས་གཞི་ཁྱོན་ཅན་དང་དེང་རབས་ཅན་གྱི་ཐོན་སྐྱེད་དུ་གྱུར་པ། འཕེལ་རྒྱས་ཀྱི་གཙོ་གནད་དེ་རིམ་གྱིས་ས་གཙང་བདེ་ཐང་ཐོན་ལས་འདེབས་འཛུགས་ལས་རིགས་ནས་ས་གཙང་བདེ་ཐང་ཐོན་ལས་ཞིབ་ཚགས་ལ་གཏིང་ཟབ་པའི་ལས་སྣོན་དང་ཟོག་འགྲེམས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་སུ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་པས་ཕྱོགས་ཡོངས་ནས་གཏིང་ཟབ་མཐོར་གཏོང་དང་ལེགས་གྱུར་རིམ་སྤོར་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་སྟེ་དཔྱོད་ལྡན་མི་སྣས་སྔོག་འདོན་དང་གསར་སྤེལ་བྱེད་དགོས་པའི་རིན་ཆེན་བང་མཛོད་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅེས་གསར་འགོད་པར་བཤད།༼ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། ༽
      
    2015-08-13

    ཕྱོགས་བསྡུས་གསར་འགྱུར།