འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་16ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་གྱི་དགོང་དྲོ་ས་གནས་ཁག་གི་སྐུ་མགྲོན་དང་ལྷ་ས་གྲོང་ཁྱེར་མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་ལྷ་སའི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོ་ཐང་དུ་དགའ་སྤྲོའི་ངང་མཉམ་དུ་འཛོམས་ནས། ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་དུས་སྟོན—ཀྲུང་གོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།
         ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་2015ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
         ཞོ་སྟོན་ནི་ལྷ་ས་གྲོང་ཁྱེར་དང་། ཐ་ན་ལྗོངས་ཡོངས་མི་རིགས་ཀྱི་སྲོལ་རྒྱུན་དུས་སྟོན་གལ་ཆེན་ཞིག་ཡིན་ཞིང་། འདི་ལོའི་ལྷ་སའི་ཞོ་སྟོན་ལ“མཛེས་པའི་ཁྱིམ་གཞིས·བདེ་སྐྱིད་ལྡན་པའི་ལྷ་ས”ཞེས་པས་བརྗོད་དོན་གཙོ་བོ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་སྟོན་རིག་གནས་ཀྱིས་སྒྲོག་ཐག་ལྟ་བུ་བྱས་ཏེ། གོས་སྐུ་འགྲེམས་པ་དང་། ལྷ་མོ་འཁྲབ་པ། རྐང་རྩེད་སྤོ་ལོའི་འགྲན་བསྡུར། ཐང་ག་འགྲེམས་སྟོན། རྐང་ཐང་འདུ་ཚོགས་ཆེ་མོ། མི་རིགས་རོལ་དབྱངས་བགྲོ་གླེང་དང་སྤེལ་རེས། ས་གཙང་བདེ་ཐང་ཐོན་ལས་ཐོན་རྫས་ངོ་སྤྲོད་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ལོ་རྒྱུས་དང་དངོས་ཡོད་གཅིག་ཏུ་འདྲེས་པ་དང་། རྒྱུན་འཛིན་དང་གསར་གཏོད་གཅིག་ཏུ་སྒྲིལ་བ། ཚན་རྩལ་དང་སྤྱི་ཚོགས་རིག་གནས་གཅིག་ཏུ་འདུ་བ། ཐོན་ལས་དང་དམངས་འཚོ་གཅིག་ཏུ་འཛོམས་པ། སྤྱི་ཚོགས་དང་དམངས་སེམས་གཅིག་ཏུ་འདུ་བ་བཅས་བྱས་ཏེ། གནའ་གྲོང་ལྷ་ས་འདི་བཞིན་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་མངོན་པར་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་ཆེད་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་ཞོ་སྟོན་གྱི་རིག་གནས་དང་གླུ་གར་སྣ་ཚོགས་ཀྱིས་《ང་ནི་ཨ་ལྕེ་ལྷ་མོར་གྱུར》ཞེས་པ་དང་《ལྷ་མོ་རུམ་དམར》《གླིང་ཁའི་ཞབས་བྲོ》བཅས་གླུ་གར་ལེའུ་གསུམ་ཡོད་པ་དང་། མཇུག་ཏུ་འགོ་ཚུགས་མཛད་སྒོ་དེ་《བསོད་ནམས་ཅན་གྱི་གནས་མཆོག》ཅེས་པའི་གླུ་གར་ཁྲོད་དུ་མཇུག་འགྲིལ་བ་རེད།
         གོང་ཚེས་ཉིན་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ཞོ་སྟོན་གྱི་གོས་སྐུ་འགྲེམས་པའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག 2015ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་པ་དང་། དད་ལྡན་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཆིག་འབུམ་ཙམ་གྱིས་གོས་སྐུར་ཞལ་མཇལ་ཞུས་ཏེ། མ་འོངས་པར་བོད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུས་པ་རེད།
      
    2015-08-13

    ཕྱོགས་བསྡུས་གསར་འགྱུར།