འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་གི་སྐབས་གཉིས་པའི་རྟ་རྒྱུག་འགྲན་བསྡུར་དང་མི་རིགས་
    གྱོན་ཆས་འགྲེམས་སྟོན་བྱེད་སྒོ་སྤེལ་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་གི་སྐབས་གཉིས་པའི་རྟ་རྒྱུག་འགྲན་བསྡུར་དང་མི་རིགས་
གྱོན་ཆས་འགྲེམས་སྟོན་བྱེད་སྒོ་སྤེལ་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དུར་ལམ་རྫོང་གི་སྐབས་གཉིས་པའི“མི་རིགས་མཐུན་སྒྲིལ་གསར་སྐྱོང་བུམ་པ”ཞེས་པའི་རྟ་རྒྱུག་འགྲན་བསྡུར་དང་མི་རིགས་གྱོན་ཆས་འགྲེམས་སྟོན་བྱེད་སྒོ་དེ་མཛེས་སྡུག་ལྡན་པའི་ཞིང་བརྒྱ་ཞང་ཨའེ་ལི་སི་ཐའེ་རྩྭ་ཐང་སྟེང་དུ་སྤེལ་འགོ་བརྩམས་པ་དང་། རྫོང་དེའི་མི་རིགས་སོ་སོའི་མང་ཚོགས་ཚོས་རང་མི་རིགས་ཀྱི་གཟབ་མཆོར་སྤྲས་ནས་གཟབ་རྒྱས་ཀྱི་་སྤྲོ་ཚོགས་ལ་ཞུགས་པ་རེད།  
    འགོ་ཚུགས་མཛད་སྒོའི་སྟེང་དུར་ལམ་རྫོང་གི་མི་རིགས་སོ་སོའི་མང་ཚོགས་ལས་གྲུབ་པའི་རྒྱལ་དར་སྲུང་སྐྱོང་རུ་ཁག་དང་།  མི་རིགས་གྱོན་ཆས་འཐུས་ཚབ་རུ་ཁག  སྐོར་བྲོའི་འཐུས་ཚབ་རུ་ཁག  ཨན་ཏའེ་ཞབས་བྲོའི་འཐུས་ཚབ་རུ་ཁག་སོགས་དང་།  དེ་བཞིན་རྟ་རྒྱུག་དང་། མདའ་འཕེན། གདངས་དབྱངས་རིང་བའི་འགྲན་བསྡུར་སོགས་ལ་ཞུགས་མཁན་གྱི་ལུས་རྩལ་པའི་འཐུས་ཚབ་རུ་ཁག་སོགས་རིམ་པ་བཞིན་ཚོགས་རའི་ནང་བསྐྱོད་པ་མ་ཟད།  བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་པའི་མཛད་སྒོ་སྤེལ་བ་རེད།  འགོ་ཚུགས་མཛད་སྒོ་མཇུག་བསྒྲིལ་རྗེས་དུར་ལམ་རྫོང་གི་སོག་རིགས་དང་བོད་རིགས་མང་ཚོགས་ཀྱིས་མཚར་མདངས་ལྡན་པའི་མི་རིགས་གྱོན་ཆས་གྱོན་ནས་མི་རིགས་གྱོན་ཆས་འགྲེམས་སྟོན་བྱེད་སྒོ་སྤེལ་བ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན།  གཟབ་རྒྱས་ཀྱི་འདུ་འཛོམས་འདི་ཉིན་2བྱེད་རྒྱུ་ཡིན་ལ།  ཉིན་གཉིས་པར་རྟ་རྒྱུགས་དང་མདའ་འཕེན་གྱི་རྟིང་རྩོད་འགྲན་བསྡུར་བྱེད་རྒྱུ་རེད།
    ༄༅།།མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་གི་སྐབས་གཉིས་པའི་རྟ་རྒྱུག་འགྲན་བསྡུར་དང་མི་རིགས་
གྱོན་ཆས་འགྲེམས་སྟོན་བྱེད་སྒོ་སྤེལ་འགོ་བརྩམས་པ།
    ༄༅།།མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་གི་སྐབས་གཉིས་པའི་རྟ་རྒྱུག་འགྲན་བསྡུར་དང་མི་རིགས་
གྱོན་ཆས་འགྲེམས་སྟོན་བྱེད་སྒོ་སྤེལ་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།