འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་ལྔ་པའི་བོད་ལྗོངས་ཀྱི་ཐང་ག་སྒྱུ་རྩལ་དངོས་མང་སྟོན་ཚོགས་ལྷ་ས་གྲོང་ཁྱེར་དུ་
    འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་15ཉིན། 08:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྐབས་ལྔ་པའི་བོད་ལྗོངས་ཀྱི་ཐང་ག་སྒྱུ་རྩལ་དངོས་མང་སྟོན་ཚོགས་ལྷ་ས་གྲོང་ཁྱེར་དུ་
འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན་སྐབས་ལྔ་པའི་བོད་ལྗོངས་ཀྱི་ཐང་ག་སྒྱུ་རྩལ་དངོས་མང་སྟོན་ཚོགས་ལྷ་ས་གྲོང་ཁྱེར་དུ་འགོ་བརྩམས་ཤིང་། སྐབས་འདིའི་དངོས་མང་སྟོན་ཚོགས་སུ་ཐང་ག་ཕུལ་བྱུང་35དང་འགྲན་ཞུགས་བརྩམས་ཆས་145བཀྲམས་ཡོད་པ་རེད།  ཐང་ག་དངོས་མང་སྟོན་ཚོགས་འགོ་བརྩམས་པ་དང་དུས་མཚུངས་སུ་ད་དུང་"ལག་རྩལ་འགྲན་བསྡུར"ཡང་སྤེལ་བ་དང་། ཡང་བསྐྱར་ལྷ་རིས་པ་ཕུལ་བྱུང་ཁག་ཅིག་བདམས་ནས་རིམ་པའི་གཟི་བརྗིད་མཚན་སྙན་བསྩལ་བ་རེད།
         ཐང་ག་ནི་ལོ་ངོ་སྟོང་ལྷག་གི་ཡར་སྔོན་དུ་སངས་རྒྱས་ཆོས་ལུགས་དང་མཉམ་དུ་བོད་དུ་དར་བ་དང་།  སྲོལ་རྒྱུན་གྱི་བོད་ཀྱི་ཐང་གའི་བརྗོད་བྱའི་རྒྱ་ཆེ་ལ།  ཆོས་ལུགས་དང་། ཆབ་སྲིད། ལོ་རྒྱུས།  རིག་གནས།  སྐར་རྩིས།  གསོ་རིག་ལ་སོགས་པའི་ཁྱབ་ཁོངས་མང་པོ་ཞིག་འདུས་པས་བོད་ཀྱི་གནའ་བོའི་ཤེས་རིག་གི་ཤེས་བྱ་ཀུན་འདུས་སུ་འབོད།
    ༄༅།།སྐབས་ལྔ་པའི་བོད་ལྗོངས་ཀྱི་ཐང་ག་སྒྱུ་རྩལ་དངོས་མང་སྟོན་ཚོགས་ལྷ་ས་གྲོང་ཁྱེར་དུ་
འགོ་བརྩམས་པ།
    ༄༅།།སྐབས་ལྔ་པའི་བོད་ལྗོངས་ཀྱི་ཐང་ག་སྒྱུ་རྩལ་དངོས་མང་སྟོན་ཚོགས་ལྷ་ས་གྲོང་ཁྱེར་དུ་
འགོ་བརྩམས་པ།
      
    2015-08-13

    ཕྱོགས་བསྡུས་གསར་འགྱུར།