འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་འབྲས་ལ་ཕྱིར་མིག་བལྟ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 18:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་འབྲས་ལ་ཕྱིར་མིག་བལྟ་བ།
         མི་དམངས་དྲ་བའི་འཕྲིན།  2005ལོར་བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྤེལ་འགོ་འཛུགས་པ་ནས་བཟུང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཁྱོན་བསྡོམས་མ་དངུལ་དུང་ཕྱུར་1.3ལ་ཉེ་བ་བཏང་ནས་ཕྱོགས་ཡོངས་ནས་ཁྱབ་བཤེར་བྱས་པ་བརྒྱུད་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་8000ལྷག་ཙམ་གསར་བརྙེད་དང་། མྱུར་སྐྱོབ། འཚོལ་བསྡུ་བཅས་པ་མ་ཟད། རྣམ་གྲངས་ཁག་གཅིག་གི་གྲངས་ཀའི་ཐོན་ཁུངས་ལེགས་སྒྲིག་བྱེད་འགན་བསྒྲུབས་པ་དང་དང་དུས་མཚུངས་སུ་ད་དུང་མངོན་མིན་རིག་གནས་ཤུལ་བཞག་གི་ཁྲིད་སྦྱོང་གནས་གཞི་30བཙུགས་པས་སྤེལ་རྒྱུན་འཆད་གྲབས་ཡོད་པའི་སྲོལ་རྒྱུན་གྱི་རིག་གནས་རྣམས་སྲུང་སྐྱོང་བྱེད་རིང་དུ་སླར་ཡང་སྐྱེ་སྟོབས་རྒྱས་པར་གྱུར་ཡོད།
         ལྷ་མོ་ནི་སྤྱི་ལོའི་དུས་རབས་8པ་ནས་15བར་དུ་བྱུང་ལ།  དམངས་གླུ་དང་། ཞབས་བྲོ།  ངག་བརྗོད།  རྩལ་རྩེད།  ཆོས་ལུགས་ཆོ་ག་སོགས་འདུས་པའི་སྒྱུ་རྩལ་ཞིག་ཡིན་ཞིང་།  2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཀྱི་མིང་ཐོའི་ནང་འཁོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      
    2015-08-13

    ཕྱོགས་བསྡུས་གསར་འགྱུར།