འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་རྒྱལ་ཁབ་རིམ་པའི་ཞབས་ཞུ་ལས་རིགས་ཚད་ལྡན་
    ཅན་གྱི་ཚོད་ལྟའི་མཛེས་ལྗོངས་ཁུལ་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་21ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་རྒྱལ་ཁབ་རིམ་པའི་ཞབས་ཞུ་ལས་རིགས་ཚད་ལྡན་ཅན་གྱི་ཚོད་ལྟའི་ལས་གཞིར་སྒོ་བྱང་སྩོལ་བའི་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་གྱི་སྤུས་ཚད་ལྟ་སྐུལ་ཅུས་སུ་སྤེལ་བ་རེད།
         བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བའི"ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་རྒྱལ་ཁབ་རིམ་པའི་ཞབས་ཞུ་ཚད་ལྡན་ཅན་གྱི་ཚོད་ལྟའི་ལས་གཞི"འདི་ལ་སྔ་གཞུག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤུས་ཚད་ལས་དོན་དཔྱད་ཞིབ་ཚོགས་ཆུང་དང་། བོད་རང་སྐྱོང་ལྗོངས་སྤུས་ཚད་དང་ཚད་ལྡན་ཅན་ལས་དོན་འགོ་ཁྲིད་ཚོགས་ཆུང་། བོད་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུས། ཉིང་ཁྲི་གྲོང་ཁྱེར་སྤུས་ཚད་ལྟ་སྐུལ་ཅུས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཚད་མཐོའི་གདེང་འཇོག་གནང་བ་རེད། 2014ལོའི་ཟླ་11ཚེས་20ཉིན་ལས་གཞི་འདི་ལ་སྐར་གྲངས་94.5ཐོབ་པའི་སྒོ་ནས་ཞིབ་དཔྱད་ཚོགས་ཆུང་གིས་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་པས། བོད་རང་སྐྱོང་ལྗོངས་ཀྱི"རྒྱལ་ཁབ་རིམ་པའི་ཞབས་ཞུ་ལས་རིགས་ཚད་ལྡན་ཅན་གྱི་ཚོད་ལྟའི་མཛེས་ལྗོངས་ཁུལ"ཐོག་མ་འབའ་ཞིག་ཏུ་གྱུར་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།