འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་
    ལྷན་ཚོགས་ཀྱི་ཀྲུའུ་ཞི་ ཕུ་ར་ཐི་ཡི་གདོང་ལ་ཨ་སྒོར་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་21ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་
ལྷན་ཚོགས་ཀྱི་ཀྲུའུ་ཞི་ ཕུ་ར་ཐི་ཡི་གདོང་ལ་ཨ་སྒོར་བརྒྱབ་པ།
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་20ཉིན་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམིགས་བསལ་ལག་བསྟར་ཨུ་ཡོན་གྱི་ཚོགས་འདུ་འཚོགས་ནས་དམིགས་བསལ་འདེམས་བསྐོ་ཚོགས་ཆེན་དེ་2016ལོའི་ཟླ་2ཚེས་26ཉིན་འཚོག་རྒྱུ་ཡིན་ཞིང་། སྐབས་དེར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གསར་པ་འདེམས་བསྐོ་བྱ་རྒྱུ་ཡིན་ཞེས་ཡོངས་བསྒྲགས་བྱས། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྐབས། དབྱིན་ཇིའི་དགོད་བྲོ་བའི་ཟློས་གར་འཁྲབ་སྟོན་པ་ལི་ཉིར་སེན་གློ་བུར་དུ་ཚོགས་རར་འཛུལ་ཡོང་སྟེ་ལག་ཏུ་ཨ་སྒོར་མང་པོ་ཞིག་བཟུང་ནས་རུལ་སུངས་ཀྱི་མིང་དུ་གྲགས་པའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕུ་ར་ཐེའི་གདོང་ལ་བརྒྱབ་པ་རེད། གནས་ཚུལ་དེ་བྱུང་རྗེས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཡང་མཚམས་བཞག་པ་རེད། གོ་ཐོས་བྱུང་བ་ལྟར་ན། ཨ་སྒོར་དེ་དག་ནི་ཤོག་སྒོར་རྫུན་མ་ཡིན་པ་རེད།
    ༄༅།།གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་
ལྷན་ཚོགས་ཀྱི་ཀྲུའུ་ཞི་ ཕུ་ར་ཐི་ཡི་གདོང་ལ་ཨ་སྒོར་བརྒྱབ་པ།
    ༄༅།།གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་
ལྷན་ཚོགས་ཀྱི་ཀྲུའུ་ཞི་ ཕུ་ར་ཐི་ཡི་གདོང་ལ་ཨ་སྒོར་བརྒྱབ་པ།
      

    ཕྱོགས་བསྡུས་གསར་འགྱུར།