འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རི་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་རྒྱལ་ས་ནས་གཞུང་ཚབ་ཁང་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་21ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་རི་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་རྒྱལ་ས་ནས་གཞུང་ཚབ་ཁང་བཙུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིང་ཐོན་གྲོང་ཁྱེར་གྱི་ཨ་མེ་རི་ཁར་བཅའ་སྡོད་ཁུ་པའི་ཁེ་ཕན་འཐུས་ཚབ་ཁྲུའུ་དུ་འཚོགས་པའི་ཨ་མེ་རི་ཁར་བཅའ་སྡོད་བྱེད་པའི་ཁུ་པའི་གཞུང་ཚབ་ཁང་གི་སྒོ་འབྱེད་པའི་མཛད་སྒོའི་ཐོག་ཁུ་པའི་ཕྱི་འབྲེལ་པུའུ་ཀྲང་པུ་ལུའུ་ནུའོ་ལུའོ་ཏེ་ལི་ཀེ་སིས་དངོས་སུ་ཁུ་པའི་རྒྱལ་དར་བསྒྲེངས་པ་རེད། ཉིན་དེར་ཨ་མེ་རི་ཁ་རྒྱལ་ཁབ་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ཡང་བསྐྱར་གཞུང་ཚབ་ཁང་བཙུགས་པ་རེད།
         1959ལོར་ཁུ་པའི་གསར་རྗེས་ལ་རྒྱལ་ཁ་ཐོབ་རྗེས་ཨ་རིའི་སྲིད་གཞུང་གིས་ཁུ་པ་རྒྱལ་ཁབ་དགྲར་འཛིན་པའི་སྤྱོད་ཚུལ་བཟུང་བ་དང་། 1961ལོར་ཨ་རིའི་གླས་དམག་གིས་ཁུ་པར་བཙན་འཛུལ་བྱེད་པར་ཕམ་རྗེས། ཨ་རི་དང་ཁུ་པའི་བར་གྱི་ཕྱི་ཕྱོགས་འབྲེལ་བ་ཆད་པ་རེད། 1962ལོར་སྐབས་དེའི་ཨ་རིའི་ཙུང་ཐུང་ཡུའེ་ཧན་ཁེན་ནེ་ཏིས་བཀའ་ཁྲིམས་ལ་མིང་རྟགས་བཀོད་དེ་ཁུ་པ་རྒྱལ་ཁབ་ལ་དཔལ་འབྱོར་དང་། དངུལ་རྩའི་ཐད་བཀག་སྡོམ་དང་ཉོ་ཚོང་ཐད་དངོས་ཟོག་དབོར་འདྲེན་བྱས་མི་ཆོག་པའི་ཁྱབ་བསྒྲགས་དངོས་སུ་བྱས་པ་རེད།
    ༄༅།།ཨ་རི་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་རྒྱལ་ས་ནས་གཞུང་ཚབ་ཁང་བཙུགས་པ།
    ༄༅།།ཨ་རི་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་རྒྱལ་ས་ནས་གཞུང་ཚབ་ཁང་བཙུགས་པ།
    ༄༅།།ཨ་རི་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་རྒྱལ་ས་ནས་གཞུང་ཚབ་ཁང་བཙུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།