འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཅིང་དུ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་རྟེན་འབྲེལ་
    ཞུ་བའི་མཛད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ནན་ཅིང་དུ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་རྟེན་འབྲེལ་
ཞུ་བའི་མཛད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་5ཉིན་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་རྒྱལ་ཡོངས་ནས་ཕེབས་པའི་རི་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་དམག་མི་རྒན་གྲས་30ལྷག་ཙམ་ནན་ཅིང་དམངས་ཁྲོད་རི་འགོག་དམག་འཁྲུག་བཤམས་མཛོད་ཁང་དུ་འཛོམས་ནས“ལྷན་འཛོམས•ལོ་ངོ་བདུན་ཅུ”ཞེས་པའི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་པར་རྗེས་དྲན་ཞུ་བའི་ཆེད་སྤྱོད་སྤྱི་ཕན་ཐེབས་རྩར་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ཏེ་ཀྲུང་གོའི་མི་དམངས་ཀྱིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་པར་རྗེས་དྲན་ཞུས་པ་རེད། དམག་མི་རྒན་པ་དེ་ཚོའི་ནང་སུང་ཧུའུ་མཉམ་རུབ་དམག་འཐབ་དང་། ནན་ཅིང་སྲུང་སྐྱོབ་དམག་འཐབ། ཝུའུ་ཧན་དམག་འཐབ། ཁྲང་ཧྲ་དམག་འཐབ། ཁྲང་ཧེང་དམག་འཐབ་བཅས་ཀྱི་གཡུལ་སར་དམག་འཐབ་ལ་དངོས་སུ་ཞུགས་མྱོང་བའི་དཔོན་དམག་ཡོད་པ་མ་ཟད། སྐབས་དེ་དུས་ཀྱི་དམག་མཁོའི་དངོས་རྫས་དང་། འཕྲིན་གཏོང་། སྨན་བཅོས་བཅས་ཀྱི་ལས་ཀ་བྱེད་མྱོང་བའི་དམག་མི་རྒན་གྲས་ཀྱང་ཡོད་པ་རེད།
    ༄༅།།ནན་ཅིང་དུ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་རྟེན་འབྲེལ་
ཞུ་བའི་མཛད་སྒོ་སྤེལ་བ།
    ༄༅།།ནན་ཅིང་དུ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་རྟེན་འབྲེལ་
ཞུ་བའི་མཛད་སྒོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།