འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོར་བོད་ལྗོངས་ཀྱིས་ཁོར་ཡུག་གི་གནད་དོན་ཡོད་པའི་ཁེ་ལས་23ལ་དུས་བཀག་
    ནང་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་12ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2014ལོར་བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་རྒྱུའི"མཐའ་ཐིག"ལས་མི་སྒྲོལ་བར་བྱ་ཆེད། རིམ་ཁག་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཁོར་ཡུག་ཁྲིམས་འཛིན་ལས་དོན་པ་མི་ཐེངས་4000ལྷག་ཙམ་བཏང་ནས་ཁེ་ལས་(རྣམ་གྲངས)ལ་ཞིབ་བཤེར་ཐེངས་2000ལྷག་བྱས་ནས་ཁོར་ཡུག་གི་གནད་དོན་ཡོད་པའི་ཁེ་ལས་23ལ་དུས་བཀག་ནང་བཅོས་སྒྲིག་དགོས་པའི་བཀའ་བཏང་བ་རེད།
         བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་འཇམ་དཔལ་གྱིས་ངོ་སྤྲོད་བྱས་དོན། 2014ལོར་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་རླུང་ཁམས་ཆེ་མོར་སྦགས་བཙོག་འགོག་བཅོས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འཐུང་ཆུ་མཉམ་སྤྱོད་ཀྱི་ཆུ་རྩ་སྲུང་བ། གྲོང་གསེབ་ཏུ་གཞུང་ལམ་འདིང་བ། གཏེར་ཁ་སྔོག་འདོན། ཁོར་ཡུག་ལ་ཁྱབ་འགྱེད་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་དྲུག་ཐད་ཁེ་ལས་(རྣམ་གྲངས)349ལ་ཆེད་དོན་བརྟག་དཔྱད་བྱས་ནས་ཐོན་པའི་གནད་དོན་ལ་དམིགས་ཏེ་ཁེ་ལས་23ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ་རེད།
         འཇམ་དཔལ་གྱིས་གཙོ་གནད་རྣམ་གྲངས་སྐྲུན་པའི་ཐད་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་སོགས་ཀྱི་གཙོ་གནད་རྣམ་གྲངས་དང་དེ་བཞིན་ཆུ་གློག་དང་། ཡུལ་སྐོར། གཏེར་འདོན་སོགས་ཐོན་ཁུངས་སྔོག་འདོན་རྣམ་གྲངས་གཙོ་བོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྡོམ་བྱས་པ་དང་། ཁོར་ཡུག་ཚོད་སྐོར་དང་མཆན་འགོད་ཚོད་འཛིན་ལམ་ལུགས་དོན་འཁྱོལ་བྱས་པ། ནག་ཆུ་ས་ཁུལ་དུ་གཏེར་འདོན་ཁུལ་ཆོག་མཆན་ཚོད་འཛིན་མུ་མཐུད་བྱེད་པ་མ་ཟད། བྱང་བུ་བཀལ་ནས་བསྒྲུབ་རྒྱུར་བསྐུལ་བ་ཡིན་རིགས་ཀྱི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་ཁེ་ལས་ལ་མཆན་འགོད་ཚོད་འཛིན་བྱས་ཡོད་ལ་བོད་ཡོངས་ཀྱི་ཆུ་གློག་དང་། འགྲིམ་འགྲུལ། གཏེར་ཁ་སྔོག་འདོན་སོགས་རྣམ་གྲངས་གཙོ་བོར་ཁོར་ཡུག་ལྟ་ཞིབ་ཀྱི་ལམ་ལུགས་ལག་ལེན་བསྟར་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།