འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ནི་ཀྲེ་རི་ཡའི་མཁས་དབང་གིས་ཀྲུང་གོའི་ཀུང་སིས་ནི་ཀྲེ་རི་ཡ་བར་བག་ཆགས་ཡག་
    པོ་བཞག་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་11ཉིན། 17:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ནི་ཀྲེ་རི་ཡའི་ཀྲུང་གོའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨའོ་ནུའོ་ན་དབྱི་ཀྲུའུ་ཡིས་ཀྲུང་གོའི་ཀུང་སི་ཁ་ཅིག་གིས་རང་ཉིད་ཀྱི་ལོ་མང་པོའི་རིང་གི་འབད་བརྩོན་ལ་བརྟེན་ནས་ནི་ཀྲེ་རི་ཡ་བར་བག་ཆགས་ཡག་པོ་བཞག་ཡོད་ཅེས་བཤད་པ་རེད།
         ཨའོ་ནུའོ་ན་དབྱི་ཀྲུའུ་ཡིས་ནི་ཀྲེ་རི་ཡ་དང་ཐ་ན་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་འཇོག་ཁྱབ་ཁོངས་སུ་ཀྲུང་གོས་ནུས་པ་གལ་ཆེན་བཏོན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ། གློག་ཤུགས་དེ་བཞིན་འཛུགས་སྐྲུན་སོགས་ཚུད་པའི་ཁྱབ་ཁོངས་སུ་ལྷག་པར་དུ་ནི་ཀྲེ་རི་ཡར་ཀྲུང་གོ་མཁོ་གལ་ཆེ་ཞེས་བཤད་པ་རེད།
         ཀྲུང་གོ་ཨ་ཧྥེ་རི་ཁར་སླེབས་ནས“དཔལ་འབྱོར་གྱི་མི་སེར་སྤེལ་བ”ཞེས་ནུབ་ཕྱོགས་ཀྱིས་སྐྱོན་བརྗོད་བྱས་པར་ཨའོ་ནུའོ་ན་དབྱི་ཀྲུའུ་ཡིས་ཁས་ལེན་གྱི་མེད། ཁོང་གིས“ཀྲུང་གོའི་ཀུང་སི་འབྱོར་བ་དེས་ཡུལ་དེ་གའི་ལས་ཞུགས་ལ་སྐུལ་མ་ཐེབས་པ་དང་ཡུལ་དེ་གའི་ཁོར་ཡུག་ལེགས་སུ་བཏང་ཡོད། ང་ཚོས་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཚོང་རྫས་སྤྱོད་པ་དང་ཀྲུང་གོའི་ཀུང་སིས་བསྐྲུན་པའི་ལམ་དང་ཟམ་པའི་ཐོག་སྐྱོད་ཀྱི་ཡོད། སླད་ཕྱིན་ང་ཚོར་ད་དུང་ཀྲུང་གོའི་ཀུང་སིས་བསྐྲུན་པའི་ལྕགས་ལམ་ཡང་ཡོད་ངེས”ཞེས་བཤད་པ་རེད།
        ཨའོ་ནུའོ་ན་དབྱི་ཀྲུའུ་ཡིས་དེ་དང་ཆབས་ཅིག་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་མི་མངོན་པའི་ནུས་ཤུགས་ད་དུང་འདོན་སྤེལ་ཐུབ་མེད་པས་ནི་ཀྲེ་རི་ཡ་སྲིད་གཞུང་གིས་འབྲེལ་བ་དེར་མཐོང་ཆེན་བྱེད་པ་མ་ཟད་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།