འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་རྒྱལ་ཁབ་བདུན་ཚོགས་པར་ཤར་མཚོ་དང་ལྷོ་མཚོའི་གནད་དོན་སྐོར་
    ལ་འགན་མི་འཁུར་བའི་གཏམ་བརྗོད་སྤེལ་མཚམས་འཇོག་
    དགོས་པའི་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་11ཉིན། 17:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོགས་ཀྱི་འགོ་ཁྲིད་པའི་བསྒྲགས་གཏམ་ནང་ཤར་མཚོ་དང་ལྷོ་མཚོའི་གནད་དོན་གླེང་བར་དམིགས་ནས་ཚེས་9ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོས་རྒྱལ་ཁབ་བདུན་ཚོགས་པར་དོན་དངོས་ལ་བརྩི་འཇོག་བྱེད་པ་དང་ཕྱོགས་རིས་དོར་ནས་འགན་མི་འཁུར་བའི་གཏམ་བརྗོད་སྤེལ་མཚམས་འཇོག་དགོས་པའི་སྐུལ་མ་ཆེན་པོ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཚེས་8ཉིན་རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོགས་ཐོག་སྤེལ་བའི་འགོ་ཁྲིད་པའི་བསྒྲགས་གཏམ་ནང་ཤར་མཚོ་དང་ལྷོ་མཚོའི་གནད་དོན་སྐོར་གླེང་ནས་ས་ཁུལ་དེའི་ཛ་དྲག་གི་དུས་བབ་ལ་དོ་ཁུར་བྱེད་ལུགས་མཚོན་པར་བྱས་ཐོག་ཕྱོགས་ཁག་ལ་ཞི་བའི་བྱེད་ཐབས་བརྒྱུད་རྩོད་གཞི་ཐག་གཅོད་བྱེད་པ་དང་འབྲེལ་འཛམ་གླིང་གི་རྒྱ་མཚོ་རང་མོས་ཁྲིམས་མཐུན་སྒོ་ནས་སྤྱོད་རྒྱུའི་འགན་ལེན་བྱེད་པ་དང་འཇིགས་སྐུལ་བཙན་ཤེད་དམ་ཡང་ན་དྲག་པོའི་བྱེད་ཐབས་དང་དེ་བཞིན་མཚོ་བསུབ་སྐམ་ས་བཟོ་བ་སོགས་ད་ཡོད་གནས་ཚུལ་ལ་འགྱུར་ལྡོག་གཏོང་རྒྱུར་དམིགས་པའི་ཕྱོགས་རྐྱང་པའི་བྱེད་སྤྱོད་སྤེལ་རྒྱུར་ངོ་རྒོལ་བྱ་རྒྱུའི་རེ་བ་བཏོན་ཡོད། དོན་དེའི་སྐོར་ལ་ཀྲུང་གོ་ཕྱོགས་ལ་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲིས།
          ཧུང་ལེས། ཤར་མཚོ་དང་ལྷོ་མཚོའི་གནད་དོན་སྐོར་ཀྲུང་གོ་སྲིད་གཞུང་གིས་རྩ་དོན་གྱི་ལངས་ཕྱོགས་ཁྱོན་ཡོངས་ནས་རྒྱས་བཤད་གསལ་པོ་བྱས་ཟིན་ཞེས་གསུངས་པ་རེད།
         ཁོང་གིས་ཀྲུང་གོར་ཏེའོ་ཡུས་གླིང་ཕྲན་དང་དེའི་ཞོར་གཏོགས་གླིང་ཕྲན་དང་ནན་ཧྲ་གླིང་ཚོམ་དང་དེའི་ཉེ་འགྲམ་གྱི་མཚོ་ཁོངས་ལ་རྩོད་ཐབས་བྲལ་བའི་བདག་དབང་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་ནན་ཧྲའི་མཚོ་འོག་གླིང་ཕྲན་ཐོག་འཛུགས་སྐྲུན་བྱས་པ་དེ་ནི་རྦད་དེ་ཀྲུང་གོའི་བདག་དབང་ཁྱབ་ཁོངས་ནང་གི་བྱ་བ་ཞིག་ཡིན་པས་ཕྱི་རྒྱལ་སུ་རུང་ལ་ཐེ་ཇུས་བྱེད་དབང་མེད། འབྲེལ་ཡོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་རྗེས་འགོག་སྲུང་གི་ནུས་པ་ཁག་གཅིག་ཕུད་དེ་བས་མང་བ་ཞིག་ནི་དམངས་དོན་གྱི་ནུས་པ་ལྡན་པས་དེ་བས་ལེགས་པའི་སྒོ་ནས་མཚོ་ཐོག་གི་ཕྱོགས་སྟོན་དང་རོགས་སྐྱོབ་སོགས་རྒྱལ་སྤྱིའི་འོས་འགན་སྒྲུབ་ཆེད་རེད་ཅེས་གསུངས་པ་རེད།
         ཧུང་ལེས་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་ཤར་མཚོ་དང་ལྷོ་མཚོའི་མཚོ་འགྲུལ་དང་མཁའ་འགྲུལ་རང་མོས་ལ་སྲུང་སྐྱོང་བྱ་རྒྱུར་གཞོལ་གྱི་ཡོད། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིགས་ནས་འབྲེལ་ཡོད་མཚོ་ཁོངས་ཀྱི་མཚོ་འགྲུལ་དང་མཁའ་འགྲུལ་བྱེད་པར་ཤུགས་རྐྱེན་གང་ཡང་ཐེབས་མེད། གལ་སྲིད་སུ་ཞིག་གིས་རྐང་བཙུགས་ནས་དོན་རྐྱེན་བཟོས་ནས་འབྲེལ་ཡོད་མཚོ་ཁོངས་ཀྱི་མཚོ་འགྲུལ་དང་མཁའ་འགྲུལ་རང་མོས་ལ་འཇིགས་སྐུལ་བཟོས་ཚེ་ཀྲུང་གོས་ཨང་དང་པོར་མདུན་དུ་ལངས་ཏེ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཧུང་ལེས“ཀྲུང་གོས་རྒྱལ་ཁབ་བདུན་ཚོགས་པར་དོན་དངོས་ལ་བརྩི་འཇོག་བྱེད་པ་དང་ཕྱོགས་རིས་དོར་བ་དང་། འགན་མི་འཁུར་བའི་གཏམ་བརྗོད་སྤེལ་མཚམས་འཇོག་པ། རྩོད་གཞི་ཐག་གཅོད་འོས་འཚམ་དང་སེལ་རྒྱུར་དངོས་འབྲེལ་ཕན་པ་ཡོད་པ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཕན་པ་ཡོད་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱེད་དགོས་པའི་སྐུལ་མ་ནན་པོ་གཏོང་རྒྱུ་ཡིན”ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།