འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མུའུ་དུང་ཕྱུར་30ལྷག་ཙམ་ཟིན་པའི་རང་རྒྱལ་གྱི་རང་བྱུང་ནགས་ཚལ་ཚང་མ་སྲུང་
    སྐྱོང་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་11ཉིན། 16:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཅན་ལུང་གིས་ཚོགས་འདུའི་ཐོག་སྣོད་བཅུད་འཛུགས་སྐྱོང་དང་རང་བྱུང་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
         ཀྲང་ཅན་ལུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་ལྟར་རང་རྒྱལ་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་དེ་རྒྱལ་ཡོངས་སུ་རྒྱ་ཆེར་བཏང་ནས་མུའུ་དུང་ཕྱུར་29.66ཟིན་པའི་རང་བྱུང་ནགས་ཚལ་ཐོན་ཁུངས་ཚང་མ་སྲུང་སྐྱོང་བྱེད་དགོས། སྲུང་སྐྱོང་བྱེད་དོན་ནི་རང་བྱུང་ནགས་ཚལ་ཁྲོད་ཚོང་ལས་རང་བཞིན་གྱི་ཤིང་མི་གཅོད་པའི་ཆེད་དུ་ཡིན་ཞེས་བཤད།
         ད་ལྟ་རང་རྒྱལ་དུ་ལོ་ལྟར་ཚོང་ལས་རང་བཞིན་གྱི་ཤིང་གཅོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་5000ཟིན་པ་དང་ནགས་ཚལ་གསོག་འཇོག་གྲངས་ལ་ཕབ་ན་སྨི་རྒྱ་དཔངས་གྲུ་བཞི་ཁྲི་8000ལྷག་ཙམ་ཟིན་ཡོད། རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱི་ཤིང་གཅོད་མཚམས་འཇོག་པའི་དུས་ཚོད་ལོ་གསུམ་ལ་དབྱེ་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་2017ལོར་ཚང་མ་མཚམས་འཇོག་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།