འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་
    སྤྱི་ཚོགས་ཡོངས་ལ་རྒྱལ་ཡོངས་ཀྱི་བུ་ཕྲུག་ལ་སློབ་གསོ་རྒྱག་མཁས་པའི
    “ཁྱིམ་ཚང་ཡག་ཤོས”ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་11ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་10ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོ་དྲ་རྒྱའི་བརྙན་འཕྲིན་ལས་ཁུངས་ནས་སྤྱི་ཚོགས་ཡོངས་ལ་དབུང་པའོ་ཀྲུའུ་སོགས་རྒྱལ་ཡོངས་ཀྱི་བུ་ཕྲུག་ལ་སློབ་གསོ་རྒྱག་མཁས་པའི“ཁྱིམ་ཚང་ཡག་ཤོས”བཅུ་ཡི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་རེད།
         དབུང་པའོ་ཀྲུའུ་དང་། ལིའུ་ཧྲི་ཁྲང་། ལིའུ་ཚུང་ལིང་། ལིན་ཧྲོང་ཕུང་། ཝང་ཁེ་ཧྭ། ལིའུ་ཧྲི་ཀྲན། ཧོ་ལིས་ཆུན། ཡེ་ཤེས་ཚེ་རིང་། ལུའི་ཤིན་ཀྲུའོ། ཧེ་ཅུན་ཧོ་སོགས་རྒྱལ་ཡོངས་ཀྱི་བུ་ཕྲུག་ལ་སློབ་གསོ་རྒྱག་མཁས་པའི“ཁྱིམ་ཚང་ཡག་ཤོས”བཅུ་ཡིས་ཁྱིམ་ཚང་གི་ཀུན་སྤྱོད་ལ་བརྩི་མཐོང་དར་སྤེལ་དང་ཁྱིམ་ཚང་གི་སློབ་གསོར་སྣང་ཆེན་བྱས་ཏེ་མི་ཚེའི་སློབ་གྲྭ་དང་པོ་ཡིན་པའི་ཁྱིམ་ཚང་ཡག་པོ་བསྐྱངས་པ་དང་ཁྱིམ་ཚང་གི་ཀུན་སྤྱོད་བཟང་པོར་བརྟེན་ནས་བུ་ཕྲུག་གི་སེམས་ཁམས་གསོ་སྐྱོང་དང་ཁ་བཤད་དཔེ་སྟོན་གྱིས་བུ་ཕྲུག་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་ཡོངས་སུ་ཁོང་ཚོའི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་དེས་མི་ཚོས་ཁྱིམ་ཚང་ལ་སྣང་ཆེན་དང་། ཁྱིམ་ཚང་སློབ་གསོར་སྣང་ཆེན། ཁྱིམ་ཚང་གི་ཀུན་སྤྱོད་ལ་སྣང་ཆེན་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁྱིམ་ཚང་འཆམ་མཐུན་ལ་སྐུལ་འདེད་གཏོང་བ། མི་རབས་རྗེས་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཧུར་ཐག་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
         ཡོངས་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་<<དབུང་པའོ་ཀྲུའུ་སོགས་རྒྱལ་ཡོངས་ཀྱི་བུ་ཕྲུག་ལ་སློབ་གསོ་རྒྱག་མཁས་པའི“ཁྱིམ་ཚང་ཡག་ཤོས”བཅུ་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གཏན་འབེབས་>>སྒྲོག་སྦྱངས་བྱས་པ་དང་། ཁོང་ཚོའི་སྔོན་ཐོན་བྱས་རྗེས་མཚོན་པའི་པར་གཞི་ཐུང་གྲས་བསྟན་པ། ས་གནས་ས་ཐོག་ཏུ་ཁོང་ཚོའི་སྔོན་ཐོན་བྱས་རྗེས་མཚོན་པའི་ཆ་ཡིག་དང་སྙན་ཚིག་སྟོན་པ་དང་འབྲེལ་ཀློག་པ་མ་ཟད། གཙོ་སྐྱོང་པས་རྒྱལ་ཡོངས་ཀྱི་བུ་ཕྲུག་ལ་སློབ་གསོ་རྒྱག་མཁས་པའི“ཁྱིམ་ཚང་ཡག་ཤོས”ཀྱི་འཐུས་མིར་བཅར་འདྲི་ཞུས་པ་དང་རྒྱལ་ཡོངས་ཀྱི་བུ་ཕྲུག་ལ་སློབ་གསོ་རྒྱག་མཁས་པའི“ཁྱིམ་ཚང་ཡག་ཤོས”ལ་གཟི་བརྗིད་མཚན་སྙན་གྱི་དཔང་ཡིག་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།