འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྐུ་འབུམ་རྫོང་གི་པད་མ་འདབ་བརྒྱད་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་
    རོལ་མྱོང་ལྟེ་གནས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་04ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐུ་འབུམ་རྫོང་གི་པད་མ་འདབ་བརྒྱད་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་
རོལ་མྱོང་ལྟེ་གནས།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་སྐུ་འབུམ་རྫོང་གིས་སྐུ་འབུམ་རྫོང་དེ་ཉིད་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཡུལ་སྐོར་གནས་མཆོག་དང་། ཟི་ལིང་གྲོང་ཁྱེར་གྱི་མི་རིགས་དམངས་ཁྲོད་བཟོ་རྩལ་ཐོན་རྫས་ཀྱི་འགྲེམས་སྟོན་ལྟེ་གནས། རིག་གནས་ཡུལ་སྐོར་ཐོན་ལས་ཆེ་བཟོ་ཆེ་བཟང་བཅས་སུ་འཛུགས་སྐྲུན་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་མ་དངུལ་སྒོར་ཁྲི་5000བཏང་ནས་སྐུ་འབུམ་བྱམས་པ་གླིང་ཉེ་སྐོར་དུ་པད་མ་འདབ་བརྒྱད་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་རོལ་མྱོང་ལྟེ་གནས་བསྐྲུན་པ་རེད། དེའི་ནང་དམངས་ཁྲོད་བཟོ་རྩལ་གྱི་སྲོལ་རྒྱུན་ལག་རྩལ་ལས་ཟངས་ཆས་དངུལ་ཆས་སོགས་ལས་སྣོན་དང་། རྐོ་བཟོ། འཇིམ་བཟོ། ཐང་ག འཚེམ་དྲུབ་སོགས་རུབ་འདུས་བྱས་ཡོད་པས། བོད་མི་རིགས་ཀྱི་དམངས་སྲོལ་འཚོ་བ་དང་ལུས་རྩལ་རྩེད་མོ། ཞབས་བྲོ། རྩལ་ནུས་འགྲན་བསྡུར་སོགས་ལ་ལྟ་སྐོར་དང་རོལ་མྱོང་བྱེད་ཐུབ། ལྟེ་གནས་ཧྲིལ་པོ་རུ་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ཁུལ་དང་། རྒྱུད་འཛིན་མི་སྣའི་བཟོ་རྩལ་ཐོན་རྫས་རོལ་མྱོང་ཁུལ། གསོལ་ཚིགས་ཁུལ། ཚོང་ཟོག་ཉོ་འཚོང་ཁུལ་བཅས་དགར་ཡོད་ཅིང་། ཟླ་6ཚེས་6ཉིན་དངོས་སུ་སྒོ་འབྱེད་རྒྱུ་རེད།
    ༄༅།།སྐུ་འབུམ་རྫོང་གི་པད་མ་འདབ་བརྒྱད་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་
རོལ་མྱོང་ལྟེ་གནས།
    ༄༅།།སྐུ་འབུམ་རྫོང་གི་པད་མ་འདབ་བརྒྱད་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་
རོལ་མྱོང་ལྟེ་གནས།
    ༄༅།།སྐུ་འབུམ་རྫོང་གི་པད་མ་འདབ་བརྒྱད་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་
རོལ་མྱོང་ལྟེ་གནས།
      

    ཕྱོགས་བསྡུས་གསར་འགྱུར།