འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་17གྲོས་མོལ་བྱས་རྗེས་མཐར་ཀྲུང་གོའི་ཀུ་ཤུ་ཨ་རིའི་ཁྲོམ་རར་འདོན་ཆོག་པར་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་04ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་ཀྲུང་གོའི་ཀུ་ཤུ་ཨ་རིར་ཕྱིར་གཏོང་བྱེད་པའི་སྐྱེ་དངོས་ནད་ཡམས་ཞིབ་བཤེར་གྱི་བླང་བྱAPHIS-2014-0003སྐོར་གྱི་ཨ་རིའི་ཞིང་ལས་པུའི་སྲོག་ཆགས་དང་སྐྱེ་དངོས་ནད་ཡམས་ཞིབ་བཤེར་ཅུས་ཀྱི་ཁྲིམས་དོན་གྲོས་གཞི་དངོས་སུ་གོ་ཆོད་པར་གྱུར་པ་དེས་ཀྲུང་གོའི་ཀུ་ཤུ་ཨ་རིར་ཕྱིར་གཏོང་གི་གྲོས་མོལ་གྲོས་མཐུན་ལ་ལེགས་གྲུབ་བྱུང་ནས་ཨ་རིའི་ཁྲོམ་རའི་ཐོག་ཀྲུང་གོའི་ཀུ་ཤུ་འདོན་ཆོག་པར་གྱུར་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀུ་ཤུ་ནི་རང་རྒྱལ་གྱི་ཤིང་འབྲས་སྣ་ཁ་ཆེ་གྲས་དང་པོ་ཡིན་པ་དེས་ཀུ་ཤུའི་འདེབས་ཁྱོན་དང་ཐོན་འབོར་གྱིས་འཛམ་གླིང་གི་40%དང་33%སོ་སོར་བཟུང་སྟེ་གཉིས་ཀ་འཛམ་གླིང་གི་ཨང་དང་པོར་སླེབས་ཀྱི་ཡོད། ཨ་རི་ནི་གོ་ལ་ཧྲིལ་པོའི་ཤིང་འབྲས་ཀྱི་ཁྲོམ་ར་གལ་ཆེན་ཞིག་ཡིན། འོན་ཀྱང་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་ཀུ་ཤུ་ཨ་རིའི་ཁྲོམ་རར་འདོན་ཆོག་གི་མེད། 1998ལོར་ཀྲུང་གོས་ཨ་རིར་ཀུ་ཤུ་ཕྱིར་གཏོང་གི་རེ་ཞུ་བྱས་པ་དང་ལོ་17རིང་ཕྱོགས་གཉིས་པོས་ཀྲུང་གོའི་ཀུ་ཤུ་ཨ་རིར་ཕྱིར་གཏོང་བྱེད་པའི་སྐྱེ་དངོས་ཀྱི་ནད་ཡམས་ཞིབ་བཤེར་གྱི་བླང་བྱའི་ཐད་གྲོས་མོལ་བྱས་ཡོད།
         ལག་རྩལ་ཐད་ཀྱི་གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད་འདི་ལོའི་ཟླ་དང་པོར་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་སྐྱེ་དངོས་ནད་ཡམས་ཞིབ་བཤེར་ཚོགས་འདུ་སྐབས་22པའི་ཐོག་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ཀྲུང་གོའི་ཀུ་ཤུ་ཨ་རིར་ཕྱིར་གཏོང་བྱེད་པའི་སྐྱེ་དངོས་ནད་ཡམས་ཞིབ་བཤེར་གྱི་བླང་བྱའི་ཐད་འདོད་ཚུལ་གཅིག་མཐུན་བྱུང་ནས《ཀྲུང་གོའི་ཀུ་ཤུ་ཨ་རིར་ཕྱིར་གཏོང་བྱེད་པའི་སྐྱེ་དངོས་ནད་ཡམས་ཞིབ་བཤེར་ལས་དོན་གྱི་འཆར་གཞི》གྲུབ་ཡོད། ཟླ་4ཚེས་26ཉིན་ཨ་རིས་ཀྲུང་གོའི་ཀུ་ཤུ་ཨ་རིར་ཕྱིར་གཏོང་བྱེད་པའི་སྐྱེ་དངོས་ནད་ཡམས་ཞིབ་བཤེར་བླང་བྱའི་སྐོར་གྱི་ཁྲིམས་དོན་གྲོས་གཞི་ཁྱབ་བསྒྲགས་བྱས་པ་དང་ཁྱབ་བསྒྲགས་བྱས་མཐར་ཟླ་5ཚེས་26ཉིན་ཁྲིམས་དོན་གྲོས་གཞི་དེ་དངོས་སུ་གོ་ཆོད་པར་གྱུར་པ་ནས་བཟུང་ཀྲུང་གོའི་ཀུ་ཤུ་ཨ་རིར་ཕྱིར་གཏོང་བྱེད་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།