འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།NBAཤར་ནུབ་རྟིང་རྩོད་འགྲན་བསྡུར།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་05ཉིན། 08:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    རྟིང་རྩོད་འགྲན་སྡུར་གྱི་ཁྱབ་སྒྲོག་པར་རིས།
    རྟིང་རྩོད་འགྲན་སྡུར་གྱི་ཁྱབ་སྒྲོག་པར་རིས།
         མི་དམངས་དྲ་བའི་འཕྲིན། 2014-2015ལོའི་ཨ་མེ་རི་ཁའི་NBAཤར་ནུབ་རུ་ཁག་གི་ཆེས་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་སྤྱི་ཟླ་6ཚེས་5ནས་མགོ་རྩོམ་རྒྱུ་རེད།
         2014ནས་2015ལོའི་NBAའགྲན་སྡུར་གྱི་གོ་རིམ་ཁྲོད། ཁོའོ་རེ་དང་ཐང་ཕི་སིན་གཉིས་ཀྱིས་སྣེ་ཁྲིད་པའི་ཅིན་ཀྲིག་དཔའ་རྒོད་རུ་ཁག་གིས་ཁོངས་མིའི་བར་གྱི་ཡིད་ཆེས་དང་མཐུན་སྒྲིལ་ལ་བརྟེན་ནས་ནུབ་ཕྱོགས་འགྲན་ཁུལ་གྱི་ཨང་དང་པོ་བླངས་ནས་ཆེས་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་དུ་ཞུགས། རུ་ཁག་གི་སྣེ་ཁྲིད་པ་ཁོའོ་རེ་ཡིས་ངོ་མཚར་བའི་ལག་རྩལ་ལ་བརྟེན་ནསNBAསྐར་གསུམ་རྒྱང་འཕེན་གྱི་ལོ་རྒྱུས་ཟིན་ཐོ་བསྐྲུན་པར་མ་ཟད། ཐེངས་འདིའི་འགྲན་བསྡུར་གོ་རིམ་ཁྲོད་ཆེས་རིན་ཐང་ལྡན་པའི་ལུས་རྩལ་པའི་MVPཡི་གཟེངས་རྟགས་ཐོབ།
         ཅེན་མོན་སི་ཡིས་སྣེ་ཁྲིད་པའི་ཤར་ཕྱོགས་ཁུ་ལེ་ཧྥུ་ལན་སྐྱ་མི་རུ་ཁག་ཡང་ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་དུ་ཞུགས་ནས་བྱ་དགའ་ཨང་དང་པོ་ལེན་པར་སྦྱོང་བརྡར་དང་ཧུར་བརྩོན་བྱེད་ཀྱིན་འདུག  ཅེན་མོན་སུ་ནི་ལོ་རྒྱུས་སྟེང་བསྟུད་མར་ལོ་ལྔར་NBAཤར་ཕྱོགས་རྟིང་རྩོད་འགྲན་སྡུར་ལ་ཞུགས་པའི་ལུས་རྩལ་པ་ཐོག་མ་ཡིན། ཁུ་ལེ་ཧྥུ་ལན་སྐྱ་མི་རུ་ཁག་ལ་དུངས་བའི་མི་རྣམས་ཀྱིས་ཅེན་མོན་སིས་སྣེ་ཁྲིད་འོག་ཐེངས་འདིར་ཁུ་ལེ་ཧྥུ་ལན་སྐྱ་མི་རུ་ཁག་ལ་རྒྱལ་ཁ་ཐོབ་པར་ཡིད་ཆེས་དང་རེ་སྒུག་བྱེད་བཞིན་ཡོད། ༼ མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྐད་འཕྲིན་སྤྱི་སྟེགས་ལས་དྲངས། ༽
    སྤྱིའི་འགྲན་བསྡུར་ལ་ཞུགས་པའི་མཇུག་མཐའི་སྐར་འབྲས།
    སྤྱིའི་འགྲན་བསྡུར་ལ་ཞུགས་པའི་མཇུག་མཐའི་སྐར་འབྲས། 
    ཤར་ཕྱོགས་ཀྱི་ཁུ་ལེ་ཧྥུ་ལན་སྐྱ་མི་རུ་ཁག
    ཤར་ཕྱོགས་ཀྱི་ཁུ་ལེ་ཧྥུ་ལན་སྐྱ་མི་རུ་ཁག
    ནུབ་ཕྱོགས་ཀྱི་ཅིན་ཀྲིག་དཔའ་རྒོད་རུ་ཁག
    ནུབ་ཕྱོགས་ཀྱི་ཅིན་ཀྲིག་དཔའ་རྒོད་རུ་ཁག
    MVPགཟེངས་རྟགས་ཐོབ་མཁན་ནུབ་ཕྱོགས་ཅིན་ཀྲིག་དཔའ་རྒོད་རུ་ཁག་གི་སྣེ་ཁྲིད་པ་ཁོའོ་རེ།
    MVPགཟེངས་རྟགས་ཐོབ་མཁན་ནུབ་ཕྱོགས་ཅིན་ཀྲིག་དཔའ་རྒོད་རུ་ཁག་གི་སྣེ་ཁྲིད་པ་ཁོའོ་རེ།
    ཤར་ཕྱོགས་ཁུ་ལེ་ཧྥུ་ལན་སྐྱ་མི་རུ་ཁག་གི་སྣེ་ཁྲིད་པ་ཅེན་མོན་སི།
    ཤར་ཕྱོགས་ཁུ་ལེ་ཧྥུ་ལན་སྐྱ་མི་རུ་ཁག་གི་སྣེ་ཁྲིད་པ་ཅེན་མོན་སི།
    ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་གྱི་འགྲན་རིམ་དུས་ཚོད།
    ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་གྱི་འགྲན་རིམ་དུས་ཚོད།
      

    ཕྱོགས་བསྡུས་གསར་འགྱུར།