འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གློག་དྲ་ནས་ཐོག་མར་ཕྱི་ཕྱོགས་ལ་གློག་ཤུགས་སྐྱེལ་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་04ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་བོད་ལྗོངས་ཀྱི་གློག་ཤུགས་ཐེངས་ཐོག་མར་མཚོ་སྔོན་ཞིང་ཆེན་ལ་སྐྱེལ་གཏོང་བྱེད་རྒྱུ་མངོན་འགྱུར་བྱུང་ཞིང་། ཕྱི་ཕྱོགས་ལ་གློག་ཤུགས་སྐྱེལ་གཏོང་ཆེ་ཤོས་སྟོང་ཝ་ཁྲི་10བྱས་པ་དང་། ཉིན་རེར་ཕྱི་ཕྱོགས་ལ་གློག་ཤུགས་ཏུའུ་ཁྲི་181སྐྱེལ་གཏོང་བྱེད་ཀྱི་ཡོད་པ་རེད། དེའི་ཐོག་ནས་བོད་ལྗོངས་ཀྱི་ནུས་ཁུངས་གཙང་མ་ནུབ་བྱང་ས་ཁུལ་ལ་གློག་ཤུགས་འདོན་སྤྲོད་བྱེད་རྒྱུའི་ས་ཁོངས་དོ་མཉམ་ཡོང་བ་དང་རྒྱལ་ཡོངས་ཀྱི་ནུས་ཁུངས་གྲུབ་ཚུལ་ལེགས་འགྱུར་ལེགས་སྒྲིག་བྱེད་རྒྱུར་ཞུགས་འགོ་ཚུགས་པ་མཚོན་པ་རེད།
         བོད་ལྗོངས་སུ་ལོ་རེར་ཆ་སྙོམས་སུ་ཆུའི་ཐོན་ཁུངས་དུང་ཕྱུར་སྨི་རྒྱ་དཔངས་གྲུ་བཞི་4482ཡོད་པ་དང་། ཆུ་ནུས་ཐོན་ཁུངས་གཞུང་ལུགས་ཐོག་བསགས་ཚད་སྟོང་ཝ་དུང་ཕྱུར་2.1ཟིན་ལ། ལག་རྩལ་ཐོག་གསར་སྤེལ་བྱེད་ཐུབ་ཚད་སྟོང་ཝ་དུང་ཕྱུར་1.4ཟིན་ཞིང་། སོ་སོས་རྒྱལ་ཡོངས་ཀྱི་29%དང་24.5%ཡས་མས་ཟིན་པ་དེ་གཉིས་ཀ་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།