འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཚོ་དམག་གི་དམག་གྲུའི་དཔུང་རུས་ཁ་རེ་ཤེ་ཡར་ཐོག་མའི་འཚམས་འདྲི་བྱས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་04ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལིན་དབྱི་དམག་གྲུ་དང་། ཝུའེ་ཧྥང་དམག་གྲུ ཝུའེ་ཧྲན་ཧྲུའུ་དམག་གྲུ་ལས་གྲུབ་པའི་ཀྲུང་གོའི་མཚོ་དམག་གི་དཔུང་རུ་ཁག་བཅུ་དགུ་པ་དེ་ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་1ཉིན་ཁ་རེ་ཤེ་ཡའི་སི་ཕུའུ་ལི་ཐེ་གྲོང་ཁྱེར་གྱི་ལུའོ་ལ་མཚོ་དམག་རྟེན་གཞིར་འབྱོར་ནས་དེར་དུས་ཡུན་ཉིན་ལྔ་ཡི་འཚམས་འདྲི་བྱེད་འགོ་ཚུགས་པ་ནི་ཀྲུང་གོའི་མཚོ་དམག་གི་དམག་གྲུའི་དཔུང་རུས་ཁ་རེ་ཤེ་ཡར་འཚམས་འདྲི་བྱེད་ཐེངས་ཐོག་མ་དེ་ཡིན་པ་རེད།
         སི་ཕུའུ་ལི་ཐེ་ནི་ཁ་རེ་ཤེ་ཡའི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཡིན་པ་དང་ཡ་ཏེ་ལི་ཡ་རྒྱ་མཚོའི་ཏའར་མ་ཐི་ཡ་མཚོ་འགྲམ་དུ་གནས་ཤིང་། དེ་ནི་ཡ་ཏེ་ལི་ཡ་རྒྱ་མཚོའི་ཤར་ངོགས་ཀྱི་འགྲིམ་འགྲུལ་འགག་གནད་ཡིན་ལ་ཡོ་རོབ་ཤར་ལྷོའི་ཡུལ་སྐོར་བྱ་ཡུལ་གྲགས་ཅན་ཞིག་ཀྱང་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཚམས་འདྲི་བྱེད་རིང་དཔུང་རུའི་འགོ་ཁྲིད་པས་སི་ཕུའུ་ལི་ཐེ་ས་གནས་སྲིད་གཞུང་གི་དཔོན་རིགས་དང་ཁ་རེ་ཤེ་ཡའི་མཚོ་དམག་གི་དཔོན་རིགས་དང་ཐུག་འཕྲད་བྱ་རྒྱུ་དང་སི་ཕུའུ་ལི་ཐེ་གྲོང་ཁྱེར་གྱི་དབང་སྐྱོན་བྱིས་པའི་སློབ་གསོའི་ལྟེ་གནས་ལ་འཚམས་འདྲི་བྱ་རྒྱུ་རེད། ཀྲུང་གོ་དང་ཁ་རེ་ཤེ་ཡའི་མཚོ་དམག་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་སོ་སོའི་དམག་གྲུར་ལྟ་སྐོར་བྱས་ཏེ་ཕྱིར་སྡོད་རང་མི་སྲུང་སྐྱེལ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། དཀྱུས་དཔོན་གསོ་སྦྱོང་སོགས་ཀྱི་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་མ་ཟད། ཆེད་ལས་ཀྱི་སྤེལ་རེས་དང་མཛའ་གྲོགས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོའང་སྤེལ་རྒྱུ་ཡིན་པ་མ་ཟད། ལིན་དབྱི་དམག་གྲུ་དང་ཝུའེ་ཧྥང་དམག་གྲུ་ས་གནས་དེའི་མང་ཚོགས་ལ་སྒོ་ཕྱེ་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།