འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ས་ཁུལ་ཁག་གི་ལོ་ཆུང་བྱིས་པ་ཚོས་དྲུག་གཅིག་བྱིས་པའི་དུས་ཆེན་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་02ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ཀྱི་ས་ཁུལ་ཁག་གི་ལོ་ཆུང་བྱིས་པ་ཚོས་དྲུག་གཅིག་བྱིས་པའི་དུས་ཆེན་བཏང་བ།
         ལོ་རེའི་སྤྱི་ཟླ་6ཚེས་1ཉིན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་(བྱིས་པའི་དུས་ཆེན་ཡང་ཟེར། International Children's Day)དུ་གཏན་འབེབས་བྱས་ཡོད། དེ་སྤྱི་ལོ་1942ལོའི་ཟླ་6ཚེས་10ཉིན་བྱུང་བའི་ལི་ཏི་ཚེ་དམར་གསོད་དོན་རྐྱེན་དང་དམག་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་འཛམ་གླིང་ཡོངས་ཀྱི་ལོ་ཆུང་བྱིས་པ་ཚོར་མྱ་ངན་ཞུ་བའི་ཆེད་དུ་དང་། ལོ་ཆུང་བྱིས་པ་ཚོར་མནར་གསོད་དང་གནོད་སྐྱོན་གཏོང་བར་ངོ་རྒོལ་བྱེད་པ་དང་། ལོ་ཆུང་བྱིས་པ་ཚོའི་འགན་དབང་སྲུང་སྐྱོབ་བྱེད་པའི་ཆེད་དུ་སྤྱི་ལོ་1949ལོའི་ཟླ་11པར་རྒྱལ་སྤྱིའི་དམངས་གཙོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མོ་སི་ཁོ་གྲོང་ཁྱེར་དུ་ལས་འཛིན་པའི་གྲོས་ཚོགས་འཚོགས་ཏེ་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་གི་འཐུས་ཚབ་ཀྱིས་ཁོང་ཁྲོ་ཆེན་པོ་ལངས་པའི་སྒོ་ནས་བཙན་རྒྱལ་རིང་ལུགས་དང་རྒྱལ་ཁབ་ཁག་གི་ལོག་སྤྱོད་པས་ལོ་ཆུང་བྱིས་པ་དམར་གསོད་དང་གནོད་སྐྱོན་གཏོང་བའི་ནག་ཉེས་དམར་རྗེན་དུ་བཏོན། གྲོས་ཚོགས་འདིའི་ཐོག་ལོ་རེའི་སྤྱི་ཟླ་6ཚེས་1ཉིན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དུ་གཏན་འཁེལ་བྱས། དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ལོ་ཆུང་བྱིས་པ་ཚོའི་འཚོ་གནས་བྱེད་དབང་དང་། བདེ་ཐང་གི་དབང་ཆ། སློབ་གསོ་འཐོབ་པའི་དབང་ཆ། གསོ་སྐྱོང་གི་དབང་ཆ་བཅས་འགན་སྲུང་བྱེད་པ་དང་། ལོ་ཆུང་བྱིས་པའི་འཚོ་བ་ལེགས་བཅོས་གཏོང་བ། ལོ་ཆུང་བྱིས་པར་མནར་གསོད་དང་གནོད་སྐྱོན་བྱེད་པར་ངོ་རྒོལ་བྱེད་པ་བཅས་ཀྱི་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན།
         མིག་སྔར་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་སྤྱི་ཟླ་6ཚེས་1ཉིན་ནི་ལོ་ཆུང་བྱིས་པའི་དུས་ཆེན་དུ་གཏན་འཁེལ་བྱས་ཡོད་པ་རེད། རྔ་བ་རྫོང་གི་བྱིས་པ་ཚོས་དྲུག་གཅིག་བྱིས་པའི་དུས་ཆེན་གཏོང་བ།
    【1】  【2】  【3】  【4】
    ༄༅།།བོད་ཀྱི་ས་ཁུལ་ཁག་གི་ལོ་ཆུང་བྱིས་པ་ཚོས་དྲུག་གཅིག་བྱིས་པའི་དུས་ཆེན་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།